初中藏文复习资料 26页

  • 204.00 KB
  • 2022-07-29 发布

初中藏文复习资料

  • 26页
  • 当前文档由用户上传发布,收益归属用户
  1. 1、本文档由用户上传,淘文库整理发布,可阅读全部内容。
  2. 2、本文档内容版权归属内容提供方,所产生的收益全部归内容提供方所有。如果您对本文有版权争议,请立即联系网站客服。
  3. 3、本文档由用户上传,本站不保证质量和数量令人满意,可能有诸多瑕疵,付费之前,请仔细阅读内容确认后进行付费下载。
  4. 网站客服QQ:403074932
精品文档,仅供学习与交流,如有侵权请联系网站删除རྩོམ་འབྲིའི་ཤེས་བྱའི་སྐོར་།དང་པོ་།ཇི་བཞིན་བརྗོད་པའི་རྩོམ་ཡིག་།1ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གོ་དོན་།བརྗོད་བྱ་མི་དང་བྱ་བ་ལ་སོགས་པ་རྣམས་གནས་དུས་རང་བཞིན་ཡུལ་ལ་ཇི་ལྟ་ཇི་ལྟར་ཡོད་པ་དེ་ལྟ་དེ་ལྟར་ཚུལ་བཞིན་རྩོམ་ཐོག་ཏུ་འགོད་པར་བྱེད་པའི་རྩོམ་ཚུལ་ཞིག་།2ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲེལ་ཡོད་ཤེས་བྱ་།ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་བརྗོད་བྱ་ནི་མི་དང་བྱ་བ་ཡིན་།དུས་ཚོད་།ས་གནས་།མི་སྣ་།འབྱུང་རྐྱེན་།བརྒྱུད་རིམ་།མཇུག་འབྲས་བཅས་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ནང་ཚང་དགོས་པའི་རྒྱུ་རྐྱེན་དྲུག་ཡིན་།3ཇི་བཞིན་རྩོམ་ཡིག་གི་དབྱེ་བ་།(1)རྣམ་པའམ་ནང་དོན་གྱི་ཆ་ནས་དབྱེ་ན་Aམི་སྣ་གཙོ་འབྲི་བྱས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་།Bབྱ་བ་གཙོ་འབྲི་བྱས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་།Cལྗོངས་རྣམ་གཙོ་འབྲི་བྱས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་།Dདངོས་རྣམ་གཙོ་འབྲི་བྱས་པའི་ཇི་བཞིན་བྱས་པའི་རྩོམ་ཡིག་བཅས་རིགས་བཞི་ཡོད་དོ་།(2)རྩོམ་ཡིག་འབྲི་ཚུལ་གྱི་ཐད་ནས་དབྱེ་ན་གོ་རིམ་ཇི་བཞིན་བརྗོད་པ་།གོ་རིམ་ལྡོག་ནས་བརྗོད་པ་།བར་བཅུག་གི་བརྗོད་པ་།ཁ་གསབ་ཀྱི་བརྗོད་པ་བཅས་རིགས་བཞི་ཡོད་དོ་།ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་བརྗོད་བྱའི་སྙིང་པོ་ནི་གནད་དོན་དང་གནས་ལུགས་ཤིག་གསལ་པོར་བརྗོད་པར་བྱེད་རྒྱུ་དེ་ཡིན་།4བསླབ་གཞིར་བཀོད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་།༼ཕྱག་བཏང་གནང་བ་།༽རྩོམ་པ་པོ་།ཚེ་འབར་།༼བདུན་སྨད་༽གཉིས་པ་།ལྷུག་རྩོམ་བཤད་པ་།1ལྷུག་རྩོམ་གྱི་གོ་དོན་།ཚིག་གིས་རྐང་པས་མ་བཅད་ཅིང་།བརྗོད་བྱ་རྒྱ་ཆེ་ལ་སྒྲིག་གཞི་རང་དབང་ཆེ་བ་།མཐོང་ཐོས་མྱོང་གསུམ་གང་བྱུང་བ་རྣམས་གསོན་ཉམས་ལྡན་ལ་བདེན་པ་བདེན་ཐུབ་ཀྱིས་ལྷུག་པོར་བརྗོད་པའི་རྩོམ་རིག་ཞིག་ལ་གོ་།2ལྷུག་རྩོམ་གྱི་དབྱེ་བ་།སྤྱིར་ལྷུག་རྩོམ་ལ་དབྱེ་ན་།དོན་བརྗོད་ལྷུག་རྩོམ་དང་དུང་སེམས་མཚོན་པའི་ལྷུག་རྩོམ་གཉིས་ཡོད་།3ལྷུག་རྩོམ་གྱི་ཁྱད་ཆོས་།༡བརྗོད་བྱ་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་།༢རྩོམ་སྟངས་རང་དབང་ལྡན་ལ་ཡུལ་དུས་ཀྱི་ཚད་བཀག་མེད་པ་།༣བརྗོད་བྱེད་ཚིག་སྦྱོར་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པ་།4བསླབ་གཞིར་བཀོད་པའི་ལྷུག་རྩོམ་།༼མ་བུ་གཉིས་ཀྱི་མཛད་རྗེས་།༽རྩོམ་པ་པོ་།གྲགས་པ་འབྱུང་གནས་།༼བརྒྱད་སྟོད་༽༼ཉི་མའི་འོད་ཟེར་།༽རྩོམ་པ་པོ་།ཐའོ་ཀྲུའུ་།༼བརྒྱད་སྟོད་༽༼མི་དམངས་ཤེས་རབ་རྩལ་གྱིས་དགེ་མཚན་གསར་དུ་བསྐྲུན་པ་།༽རྩོམ་པ་པོ་།བསྟན་པ་རྒྱ་མཚོ་།༼བརྒྱད་སྨད་༽༼རྟ་།༽རྩོམ་པ་པོ་།པུའུ་ཧྥེང་།༼བརྒྱད་སྟོད་༽༼ཡ་རུ་ཞིག་།༽རྩོམ་པ་པོ་།ཚེ་དབང་།༼བརྒྱད་སྟོད་༽༼མཆིལ་པ་ཆུང་ཆུང་།༽རྩོམ་པ་པོ་།ལའོ་ཧྲེ་།༼བརྒྱད་སྨད་༽༼རྫ་རིའི་ཆུ་ཕྲན་།༽རྩོམ་པ་པོ་།སྒོམ་པ་བཀྲིས་།༼དགུ་སྟོད་༽༼བར་མེད་རྟག་ཏུ་འབབ་པའི་ཆུ་ཕྲན་།༽རྩོམ་པ་པོ་།ལྡོང་དོན་ཡོད་།༼དགུ་སྟོད་༽༼གངས་རྒྱན་པད་མ་།༽རྩོམ་པ་པོ་།རྣམ་རྒྱལ་།༼དགུ་སྨད་༽༼ཚིག་ལྷུག་སྙན་ངག་ཚན་པ་གསུམ་།༽༼དགུ་སྨད་༽གསུམ་པ་།གསལ་བཤད་རྩོམ་ཡིག་།1གསལ་བཤད་རྩོམ་ཡིག་གི་གོ་དོན་།བྱ་དངོས་ཀྱི་ཁྱད་ཆོས་སམ་ནུས་པ་།གནས་ལུགས་།ཤེས་བྱ་སོགས་ཚིག་རྒྱན་དང་བརྡ་རྙིང་སོགས་ཀྱིས་མ་བཅིངས་པར་དོན་འདུས་ཤིང་གོ་སླ་བའི་ངང་ནས་ངོ་སྤྲོད་བྱེད་པའི་རྩོམ་ཐབས་ཀྱི་རྣམ་པ་ཞིག་ལ་གོ་།2གསལ་བཤད་རྩོམ་ཡིག་གི་དབྱེ་བ་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除༡འཇིག་རྟེན་ཆགས་ཚུལ་གྱི་གསལ་བཤད་།༢སྤྱི་ཚོགས་ཀྱི་རྣམ་པའི་གསལ་བཤད་།༣རང་བྱུང་ཡུལ་ལྗོངས་ཀྱི་གསལ་བཤད་།༤བྱ་དངོས་འཕེལ་རྒྱས་ཀྱི་གསལ་བཤད་།༥བྱ་དངོས་ཕན་ནུས་ཀྱི་གསལ་བཤད་།༦གཞུང་ལུགས་ཀྱི་གསལ་བཤད་།༧ཚན་རིག་ལག་རྩལ་གྱི་གསལ་བཤད་།༨ཐོན་རྫས་ཀྱི་གསལ་བཤད་།3གསལ་བཤད་རྩོམ་ཡིག་གྱི་གསལ་བཤད་བྱེད་ཐབས་།༡ངེས་ཚིག་འདྲེན་པའི་གསལ་བཤད་བྱེད་ཐབས་།ཡང་དག་ཅིང་གོ་སླ་བའི་ཐོག་ནས་བྱ་དངོས་ཀྱི་ཁྱད་ཆོས་དང་རང་བཞིན་།གོ་དོན་གསལ་པོར་བཀྲལ་ནས་ཀློག་པ་པོར་ངེས་དོན་རྟོགས་པར་བྱེད་པ་ཞིག་།༢དཔེ་བཀོད་པའི་གསལ་བཤད་བྱེད་ཐབས་།གསལ་བཤད་བྱེད་རྒྱུའི་དོན་དེ་ཁ་གསལ་བྱུང་བའི་ཆེད་དུ་དེ་དང་འདྲ་བའི་བྱ་དངོས་གང་ཞིག་དཔེར་དྲངས་ཏེ་གསལ་བར་བྱེད་པ་།༣རིགས་དགར་བའི་གསལ་བཤད་བྱེད་ཐབས་།ཡང་དག་པའི་ཚད་གཞི་ཞིག་གཞིར་འཛིན་ནས་རྙོག་འཛིང་ཅན་གྱི་བྱ་དངོས་རྣམས་སོ་སོར་དབྱེ་བ་འབྱེད་པ་ཞིག་།༤གཤིབ་བསྡུར་བྱེད་པའི་གསལ་བཤད་བྱེད་ཐབས་།རིགས་འདྲ་བའམ་མི་འདྲ་བའི་དངོས་པོ་གཉིས་ཕན་ཚུན་བསྡུར་ནས་བརྗོད་དོན་གསལ་པོར་སྟོན་པ་།༥ལུང་འདྲེན་པའི་གསལ་བཤད་བྱེད་ཐབས་།གསལ་བཤད་བྱེད་པར་འབྲེལ་བ་ཡོད་པའི་བསྟན་བཅོས་དང་གཏམ་རྒྱུད་།ལེགས་བཤད་།སྙན་ཚིག་སོགས་དྲངས་ཏེ་བརྗོད་དོན་གསལ་པོར་སྟོན་པ་།༦གྲངས་ཀ་བཀོད་པའི་གསལ་བཤད་བྱེད་ཐབས་།བྱ་དངོས་ཀྱི་ངོ་བོ་དང་ཁྱད་ཆོས་གསལ་སྟོན་བྱེད་པའི་ཆེད་དུ་མང་ཉུང་དང་ཆེ་ཆུང་སོགས་ཀྱི་གྲངས་ཀ་བཀོད་ནས་གསལ་བཤད་བྱེད་པ་ཞིག་།༧རེའུ་མིག་བཀོད་པའི་གསལ་བཤད་བྱེད་ཐབས་།དཔེ་རུས་དང་གྲངས་ཀ་སོགས་རྣམ་པ་རེའུ་མིག་ཏུ་བཀོད་དེ་བྱ་དངོས་གསལ་བཤད་བྱེད་པ་ཞིག་།4བསླབ་གཞིར་བཀོད་པའི་གསལ་བཤད་རྩོམ་ཡིག་།༼སྤྲིན་ལ་བལྟས་ནས་གནམ་གཤིས་བརྟག་པ་།༽རྩོམ་པ་པོ་།༼བདུན་སྟོད་༽༼སྲོང་བཙན་སྒམ་པོ་།༽རྩོམ་པ་པོ་།དུང་དཀར་བློ་བཟང་འཕྲིན་ལས་།༼བདུན་སྟོད་༽༼སློབ་དཔོན་ཐོན་མི་།༽རྩོམ་པ་པོ་།ཚེ་ཏན་ཞབས་དྲུང་།༼བདུན་སྟོད་༽༼ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་།༽རྩོམ་པ་པོ་།ཆིའུ་ཁྲུན་ལིན་།༼བདུན་སྨད་༽༼ཐང་སྟོང་རྒྱལ་པོ་།༽༼བདུན་སྨད་༽༼བོད་ཀྱི་མི་རྒྱུད་ཇི་ལྟར་བྱུང་ཚུལ་།༽རྩོམ་པ་པོ་།དམུ་དགེ་བསམ་གཏན་།༼བདུན་སྨད་༽༼བོད་ཀྱི་ཡིག་གཟུགས་འཕེལ་འགྱུར་སྐོར་གླེང་བ་།༽རྩོམ་པ་པོ་།འཕྲིནལས་ཆོས་གྲགས་།༼བརྒྱད་སྟོད་༽༼བོད་ཀྱི་པར་སྐྲུན་།༽རྩོམ་པ་པོ་།དུས་དཀར་བློ་བཟང་འཕྲིན་ལས་།༼བརྒྱད་སྟོད་༽༼ཀྲུང་གོའི་རྡོ་ཟམ་གཞུ་དབྱིབས་ཅན་།༽རྩོམ་པ་པོ་།དབྱི་ཧྲིན་།༼བརྒྱད་སྟོད་༽༼ཕོ་བྲང་པོ་ཏ་ལ་།༽རྩོམ་པ་པོ་།དུང་དཀར་བློ་བཟང་འཕྲིན་ལས་།༼བརྒྱད་སྟོད་༽༼རྩྭ་ཐང་།༽རྩོམ་པ་པོ་།མིག་དམར་དབང་འདུས་།༼བརྒྱད་སྨད་༽༼གཙོད་།༽རྩོམ་པ་པོ་།ཟླ་བ་ཚེ་རིང་།༼བརྒྱད་སྨད་༽༼གཞིས་ཀ་བསམ་གྲུབ་རྩེ་།༽རྩོམ་པ་པོ་།འཕྲིན་ལས་ཆོས་གྲགས་།༼བརྒྱད་སྨད་༽༼མདོ་ཁམས་ཀོང་རྩེ་རྭ་བའི་ཡུལ་ལྗོངས་།༽རྩོམ་པ་པོ་།བཀྲ་ཐང་བསྟན་པའི་ཉི་མ་།༼བརྒྱད་སྨད་༽༼ས་སྐྱ་པཎ་ཌི་ཏ་།༽རྩོམ་པ་པོ་།དུང་དཀར་བློ་བཟང་འཕྲིན་ལས་།༼དགུ་སྟོད་༽༼ཏེང་ཅྭ་ཤན་།༽རྩོམ་པ་པོ་།དབྱང་ཀྲེན་ཉིང་།༼དགུ་སྟོད་༽༼སྐར་མ་རི་ཤིའི་ཤེས་བྱ་མདོར་བསྡུས་།༽༼དགུ་སྟོད་༽༼བསམ་ཡས་གཙུག་ལག་ཁང་།༽རྩོམ་པ་པོ་།བྱམས་པ་ལྷུན་གྲུབ་།༼དགུ་སྨད་༽༼ལོ་ཆེན་བེེ་རོ་ཙྰ་ན་།༽རྩོམ་པ་པོ་།འཕྲིན་ལས་ཆོས་གྲགས་།༼དགུ་སྨད་༽བཞི་པ་།ལེགས་བཤད་དང་བསླབ་བྱའི་རྩོམ་ཡིག་།1ལེགས་བཤད་ཀྱི་གོ་དོན་།འཇིག་རྟེན་བླང་དོར་གྱི་གནས་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་བསླབ་བྱའི་ཟབ་དོན་ཕུན་སུམ་ཚོགས་པའི་བརྩམས་ཆོས་ལ་གོ་བ་ཡིན་།2བསླབ་བྱའི་གོ་དོན་།གཞན་ཕན་སེམས་བཟང་གི་ཐོག་ནས་འཇིག་རྟེན་སྤངས་བླང་གི་གནས་ལུགས་ཡང་དག་ཏུ་བསྟན་པའི་བརྩམས་ཆོས་ལ་གོ་བ་ཡིན་།3ལེགས་བཤད་རྩོམ་ཡིག་གི་ཁྱད་ཆོས་།༡རྩོམ་ལུས་ཚིགས་བཅད་ཡིན་པ་གང་ཞིག་ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བཞི་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除༢ཚིག་རྐང་གཉིས་དཔེ་དང་གཉིས་དོན་སྔ་ཕྱི་ངེས་མེད་དུ་སྦྱར་ནས་བསྟན་བྱ་ལེགས་པར་བསྟན་པ་།༣ཚིག་སྦྱོར་གོ་བདེ་ཞིང་།དམང་སཁྲོད་གཏམ་དཔེའི་རང་བཞིན་ལྡན་པ་།༤ཚིག་སྙན་ཞིང་རོ་ཉམས་ལྡན་པ་།4བསླབ་གཞིར་བཀོད་པའི་ལེགས་བཤད་དང་བསླབ་བྱའི་རྩོམ་ཡིག་།༼ཆུའི་བསྟན་བཅོས་།༽རྩོམ་པ་པོ་།གུང་ཐང་བསྟན་པའི་སྒྲོན་མེ་།༼བདུན་སྟོད་༽༼ལེགས་བཤད་གཏམ་རྒྱུད་ཚན་པ་གསུམ་།༽རྩོམ་པ་པོ་།སློབ་དཔོན་འཕགས་པ་ཀླུ་སྒྲུབ་།༼བདུན་སྟོད་༽༼ཤིང་གི་བསྟན་བཅོས་།༽རྩོམ་པ་པོ་།གུང་ཐང་བསྟན་པའི་སྒྲོན་མེ་།༼བདུན་སྨད་༽༼དགེ་ལྡན་ལེགས་བཤད་།༽༼བརྒྱད་སྟོད་༽རྩོམ་པ་པོ་།པནཆེན་བསོད་ནམས་གྲགས་པ་།༼༡༤༧༨--༡༥༥༤༽བརྩམས་ཆོས་མིང་ཆ་ཚང་ལ་༼མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆུན་པོ་།༽བསྟན་བཅོས་ཧྲིལ་པོར་ཤོ་ལོ་ཀ་༡༢༥ཡོད་།༼ས་སྐྱ་ལེགས་བཤད་།༽རྩོམ་པ་པོ་།ས་སྐྱ་པན་ཌི་ཏ་ཀུན་དགའ་རྒྱལ་མཚན་།༼བརྒྱད་སྨད་༽༼སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་།༽རྩོམ་པ་པོ་།གུང་ཐང་བསྟན་པའི་སྒྲོན་མེ་།༼བདུན་སྟོད་༽༼སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག་།༽རྩོམ་པ་པོ་།པོ་ཏོ་བ་རིན་ཆེན་གསལ་།༼བདུན་སྟོད་༽༼བསླབ་བྱ་ནོར་བུའི་ཕྲེང་བ་།༽རྩོམ་པ་པོ་།ཞང་སྟོན་བསྟན་པ་རྒྱ་མཚོ་།༼བདུན་སྨད་༽༼ཞུ་འཕྲིན་བདུད་རྩིའི་ཐིགས་པ་།༽རྩོམ་པ་པོ་།གསུང་རབ་རྒྱ་མཚོ་།༼བདུན་སྨད་༽༼སྐྱེས་བུ་རྣམ་འབྱེད་གཞོན་ནུའི་མགུལ་རྒྱན་།༽༼བདུན་སྨད་༽རྩོམ་པ་པོ་།ས་སྐྱ་པན་ཌི་ཏ་ཀུན་དགའ་རྒྱལ་མཚན་།༼མ་ཉལ་ལོངས་ལ་ཕྱོགས་སུ་བལྟོས་།༽༼བརྒྱད་སྟོད་༽རྩོམ་པ་པོ་།རྡོ་གྲུབ་བསྟན་པའི་ཉི་མ་།༼༡༨༦༥--༡༩༢༩༽མགོ་ལོག་པད་མ་རྫོང་།བཤེས་སྤྲིངས་རྩ་འགྲེལ་།རྩོམ་པ་པོ་།རྗེ་བཙུན་རེ་མདའ་བ་གཞོན་ནུ་བློ་གྲོས་།༼བརྒྱད་སྨད་༽ལྔ་པ་།ཡུལ་སྐོར་ཟིན་ཐོ་།1ཡུལ་སྐོར་ཟིན་ཐོའིི་གོ་དོན་།དེ་ནི་རྩོམ་པ་པོས་ཡུལ་ཞིག་ལ་སྐོར་བསྐྱོད་དུ་ཕྱིན་པའི་ལམ་བར་དང་།མཐའ་མའི་དེར་སླེབས་རྗེས་ཀྱི་མཐོང་བ་དང་ཐོས་པ་།དེ་ལས་བྱུང་བའི་མྱོང་བ་གསུམ་ཡིག་ཐོག་ཏུ་བཀོད་པ་ཞིག་ལ་གོ་།2བསླབ་གཞིར་བཀོད་པའི་ཡུལ་སྐོར་ཟིན་ཐོ་།༼ཡིད་དུ་འོང་བའི་ཡར་འབྲོག་གཡུ་མཚོ་།༽རྩོམ་པ་པོ་།འཕྲིན་ལས་ཆོས་གྲགས་།༼བདུན་སྟོད་༽༼རྒྱ་བོད་མཐུན་ལམ་གྱི་ལོ་རྒྱུས་དཔང་རྟགས་།༽རྩོམ་པ་པོ་།འཕྲིན་ལས་ཆོས་གྲགས་།༼དགུ་སྟོད་༽༼གནའ་རབས་སྒྱུ་རྩལ་གྱི་བང་མཛོད་།---ཏུན་ཧོང་།༽༼དགུ་སྟོད་༽རྩོམ་པ་པོ་།དོན་གྲུབ་རྒྱལ་།ཁྲིན་ཆིན་དབྱིན་།དྲུག་པ་།སྙན་རྩོམ་།1སྙན་རྩོམ་གྱི་གོ་དོན་།སྒྲ་གདངས་ཀྱི་ཉམས་འགྱུར་མངོན་པར་གསལ་ཞིང་འཆར་སྒོ་ཡངས་པ་།བརྗོད་བྱའི་དོན་གཅིག་སྡུད་ཀྱི་རང་བཞིན་ལྡན་པའི་རྩོམ་རིག་ཞིག་ལ་གོ་།2སྙན་རྩོམ་གྱི་དབྱེ་བ་བཤད་པ་།རྣམ་པའི་སྒོ་ནས་དབྱེ་ན་།སྲོལ་རྒྱུན་སྙན་རྩོམ་དང་རང་མོས་སྙན་རྩོམ་།ངོ་བོའི་སྒོ་ནས་དབྱེ་ན་།དོན་བརྗོད་སྙན་རྩོམ་དང་དུང་སེམས་མཚོན་པའི་སྙན་རྩོམ་།3སྙན་རྩོམ་གྱི་ཁྱད་ཆོས་།༡གཅིག་སྡུད་ཀྱི་རང་བཞིན་ལྡན་པ་།༢འཆར་སྒོ་ཕུན་སུམ་ཚོགས་པ་།༣བརྩེ་དུང་གིས་ཕྱུག་པ་།4བསླབ་གཞིར་བཀོད་པའི་སྙན་རྩོམ་།༼རྩྭ་ཐང་དྲན་གླུ་།༽རྩོམ་པ་པོ་།དོན་གྲུབ་རྒྱལ་།༼བདུན་སྟོད་༽༼ས་སྨྱུག་གི་རང་གཤིས་།༽རྩོམ་པ་པོ་།ཚེ་བརྟན་རྡོ་རྗེ་།༼བདུན་སྨད་༽༼དཔྱིད་།༽རྩོམ་པ་པོ་།ཀྲུའུ་ཙི་ཆིང་།༼བདུན་སྨད་༽༼སྙན་ངག་ཁག་བཞི་།༽རྩོམ་པ་པོ་།བན་དེ་བཀྲིས་།༼བརྒྱད་སྟོད་༽【精品文档】第26页\n精品文档,仅供学习与交流,如有侵权请联系网站删除༼ཅང་ཤེས་རྟ་ཕོ་།༽རྩོམ་པ་པོ་།རྡོ་རྗེ་མཁར་།༼བརྒྱད་སྨད་༽༼སྤྲིན་།༽རྩོམ་པ་པོ་།རྡོ་གྲུབ་བསྟན་པའི་ཉི་མ་།༼དགུ་སྟོད་༽༼རྔ་ཆེན་རོལ་དབྱངས་།༽རྩོམ་པ་པོ་།ཡིད་དམ་ཚེ་རིང་།༼དགུ་སྟོད་༽༼གནས་བསྟོད་དབྱངས་ཅན་སྒེག་མོའི་གླུ་དབྱངས་།༽རྩོམ་པ་པོ་།ཚེ་ཏན་ཞབས་དྲུང་།༼དགུ་སྨད་༽༼གསར་བཞད་རིག་གནས་ཀྱི་དཔྱིད་དཔལ་།༽རྩོམ་པ་པོ་།དཔལ་འབྱོར་།༼དགུ་སྨད་༽བདུན་པ་།སྒྲུང་གཏམ་།1སྒྲུང་གཏམ་གྱི་གོ་དོན་།སྒྲུང་གཏམ་ནི་མི་སྣ་དང་།བྱུང་རིམ་།ཁོར་ཡུག་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་ནས་འཚོ་བ་དངོས་མཚོན་པར་བྱེད་པའི་རྩོམ་ལུས་ཤིག་ལ་གོ་།2སྒྲུང་གཏམ་གྱི་གྲུབ་ཆ་གསུམ་།(མི་སྣ་།བྱུང་རིམ་།ཁོར་ཡུག་།)3སྒྲུང་གཏམ་གྱི་དབྱེ་བ་།Aསྒྲུང་གཏམ་རིང་གྲས་།Bསྒྲུང་གཏམ་འབྲིང་གྲས་།Cསྒྲུང་གཏམ་ཐུང་གྲས་།Dསྤྱི་ཚོགས་ཀྱི་འཚོ་བའི་ཆ་ཤས་ཤིག་།སྒྲུང་གཏམ་ཆེས་ཐུང་གྲས་།4སྒྲུང་གཏམ་གྱི་བྱུང་རིམ་དང་བརྗོད་བྱའི་བསྟན་དོན་།སྒྲུང་གཏམ་གྱི་བྱུང་རིམ་།སྒྲུང་གཏམ་གྱི་བརྗོད་བྱའི་བསྟན་དོན་ནམ་མི་སྣའི་གཤིས་ཀ་མཚོན་པའི་སྒྲིག་འཛུགས་ཡོད་པའི་འཚོ་བའི་དོན་དག་རབས་དང་རིམ་པ་དེ་ལ་ཟེར་།སྒྲུང་གཏམ་གྱི་བྱུང་རིམ་ལ་འགོ་འཛུགས་པ་དང་།འཕེལ་རིམ་།མཐོ་རླབས་།མཇུག་འབྲས་བཅས་ཀྱི་ནང་དོན་ཁག་བཞི་འདུས་ཡོད་།སྒྲུང་གཏམ་གྱི་བྱུང་རིམ་ནི་མི་སྣ་ལ་བསྟུན་ནས་སྒྲིག་པ་ཞིག་ཡིན་པས་མི་སྣ་མེད་ན་བྱུང་རིམ་མེད་།སྒྲུམ་གཏམ་ནང་གི་མི་སྣའི་གཤིས་ཀ་ནི་སྒྲུང་གཏམ་གྱི་བྱུང་རིམ་ལ་བརྟེན་ནས་མཚོན་དགོས་།སྒྲུང་གཏམ་གྱི་བརྗོད་བྱའི་བསྟན་དོན་ནི་སྒྲུང་གཏམ་གྱི་བླ་སྲོག་ཡིན་ནོ་།5བསླབ་གཞིར་བཀོད་པའི་སྒྲུང་གཏམ་།༼ཧྥན་ཁ་།༽རྩོམ་པ་པོ་།ཆི་ཁོ་ཧྥུ་།༼བདུན་སྟོད་༽༼ཨ་ཆུང་གིས་རྟ་ཉོས་པ་༽རྩོམ་པ་པོ་།ཐུབ་བསྟན་།༼བདུན་སྟོད་༽༼མཇུག་མཐའི་སློབ་ཐུན་གཅིག་།༽རྩོམ་པ་པོ་།ཏུའུ་ཏེ་།༼བདུན་སྨད་༽༼སྐྱིད་པའི་ལྷ་སྲས་།༽རྩོམ་པ་པོ་།དོན་གྲུབ་དབང་འབུམ་།༼བདུན་སྨད་༽༼ང་རང་བྱིས་པ་ཡིན་དུས་།༽རྩོམ་པ་པོ་།གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་།༼བདུན་སྨད་༽༼ཁོ་ཕན་ཉི་ཁེ་།༽རྩོམ་པ་པོ་།ཀྲུའུ་ཁེ་ཀྲེན་།༼བརྒྱད་སྟོད་༽༼མགོ་གཉིས་མ་།༽རྩོམ་པ་པོ་།ཆི་ཁི་ཧྥུ་།༼བརྒྱད་སྨད་༽༼Dསྡེ་པའི་ཀླན་ཀ་།༽རྩོམ་པ་པོ་།ཚེ་རིང་དོན་གྲུབ་།༼བརྒྱད་སྨད་༽༼བདག་གི་གཞོན་ནུའི་ལོ་རབས་།༽རྩོམ་པ་པོ་།གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་།༼དགུ་སྟོད་༽༼བདག་གི་ཁུ་བོ་ཡུ་ལེ་།༽རྩོམ་པ་པོ་།མོ་པོ་སང་།༼དགུ་སྟོད་༽༼མྰ་ཇིའི་ལག་རྟགས་།༽རྩོམ་པ་པོ་།ཨོ་ཧིན་རེས་།༼དགུ་སྨད་༽༼གཙུག་གཡུ་།༽རྩོམ་པ་པོ་།དཔལ་འབྱོར་།༼དགུ་སྨད་༽བརྒྱད་པ་།དགག་སྒྲུབ་རྩོམ་ཡིག་།1དགག་སྒྲུབ་རྩོམ་ཡིག་གི་གོ་དོན་།གང་བརྗོད་པར་བྱ་བའི་རྒྱུ་མཚན་ཡང་དག་རྟགས་སུ་བཀོད་ནས་རང་གི་ལྟ་ཚུལ་བདེན་ནོ་ཞེས་ལེགས་པར་སྒྲུབ་ཅིང་ཕ་རོལ་པོའི་ནོར་འཁྲུལ་གྱི་ལྟ་བ་ལ་དགག་པ་རྒྱག་པའི་རྩོམ་ཡིག་གི་རིགས་ལ་གོ་།2དགག་སྒྲུབ་རྩོམ་ཡིག་གི་དབྱེ་ཚུལ་།རང་ལུགས་འཇོག་པའི་དགག་སྒྲུབ་རྩོམ་ཡིག་དང་གཞན་ལུགས་དགག་པའི་དགག་སྒྲུབ་རྩོམ་ཡིག་གཉིས་།3དགག་སྒྲུབ་རྩོམ་ཡིག་གི་གྲུབ་བྱ་།བསྒྲུབ་བྱ་།སྒྲུབ་བྱེད་།སྒྲུབ་རིམ་།༡བསྒྲུབ་བྱ་ནི་རྩོམ་པ་པོས་བསྒྲུབ་པར་བྱེད་རྒྱུའི་ལྟ་བ་ལ་གོ་།༢སྒྲུབ་བྱེད་ནི་རྩོམ་པ་པོས་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ཆེད་དུ་བཀོད་པའི་རྒྱུ་མཚན་ལ་གོ་།༣【精品文档】第26页\n精品文档,仅供学习与交流,如有侵权请联系网站删除སྒྲུབ་རིམ་ནི་སྒྲུབ་བྱེད་ལ་བརྟེན་ནས་བསྒྲུབ་བྱ་བདེན་དཔང་བྱེད་པའི་གོ་རིམ་དང་བྱེད་ཐབས་ལ་གོ་།4རྒྱུན་བཀོལ་སྒྲུབ་བྱེད་ལ་དབྱེ་ན་།དོན་དངོས་ཀྱི་སྒྲུབ་བྱེད་དང་གནས་ལུགས་ཀྱི་སྒྲུབ་བྱེད་ཞེས་གཉིས་ཡོད་།དོན་དངོས་ཀྱི་སྒྲུབ་བྱེད་ལ་ལོ་རྒྱུས་ཀྱི་དོན་དངོས་།མཚོན་དཔེ་།གྲངས་ཀྱི་སྡོམ་ཚིག་ལ་སོགས་འདུས་ཡོད་པ་།གནས་ལུགས་ཀྱི་སྒྲུབ་བྱེད་ལ་གསུང་རབ་ཀྱི་ཚིག་དང་།ཚན་རིག་གི་རྩ་བའི་རིག་པ་།ལེགས་བཤད་།བསླབ་བྱ་།གཏམ་དཔེ་།དཔེ་མཚོན་གྱི་གཏམ་རྒྱུད་སོགས་འདུས་ཡོད་།5དགག་སྒྲུབ་རྩོམ་ཡིག་གི་སྒྲུབ་ཐབས་བཤད་པ་།སྒྲུབ་བྱེད་ཁུངས་བཙན་པོས་བསྒྲུབ་བྱ་གསལ་བཤད་བྱེད་པ་ལ་སྒྲུབ་ཐབས་ཟེར་།རང་ལུགས་འཇོག་པའི་སྒྲུབ་ཐབས་།༡དཔེ་ཡི་སྒྲུབ་ཐབས་།༢ལུང་གི་སྒྲུབ་ཐབས་།༤རིགས་འགྲེལ་གྱི་སྒྲུབ་ཐབས་།༥བསྡུར་བའི་སྒྲུབ་ཐབས་།༦དབྱེ་ཞིབ་བྱེད་པའི་སྒྲུབ་ཐབས་།གཞན་ལུགས་དགོག་པའི་དགག་སྒྲུབ་རྩོམ་ཡིག་གི་གྲུབ་བྱ་གསུམ་།དགག་བྱ་།འགོག་བྱེད་།བཀག་པ་།6དགག་སྒྲུབ་རྩོམ་ཡིག་གི་སྒྲིག་གཞིའི་རྣམ་པ་ནི་།༡གནད་དོན་འདོན་པ་།༢གནད་དོན་ལ་དབྱེ་ཞིབ་བྱེད་པ་།༣གནད་དོན་ཐག་གཅོད་བྱེད་པ་།བསླབ་གཞིར་བཀོད་པའི་དགག་སྒྲུབ་རྩོམ་ཡིག་།༼འཇིག་རྟེན་རོལ་མོའམ་ཟླུམ་པོ་།༽༼བརྒྱད་སྟོད་༽རྩོམ་པ་པོ་།དགེ་འདུན་ཆོས་འཕེལ་།༼༡༩༠༣--༡༩༥༡༽མཚོ་སྔོན་ཞིང་ཆེན་རེབ་གོང་།༼དོགས་སློང་སྙིང་སྟོབས་།༽རྩོམ་པ་པོ་།ཆི་ཧྥན་།༼བརྒྱད་སྨད་༽༼ན་གཞོན་ཚོ་ལ་ལྟ་ཚུལ་རེ་གཉིས་གླེང་བ་།༽རྩོམ་པ་པོ་།དམུ་དགེ་བསམ་གཏན་།༼བརྒྱད་སྨད་༽༼བསྟོད་པ་བཀླགས་པའི་འཆར་སྣང་།༽རྩོམ་པ་པོ་།དྲག་བཙན་རང་གྲོལ་།༼དགུ་སྟོད་༽༼བོད་ཀྱི་སྐད་ཡིག་སྐོར་གླེང་བ་།༽རྩོམ་པ་པོ་།ཉན་ཤུལ་མཁྱེན་རབ་འོད་གསལ་།༼དགུ་སྟོད་༽༼བོད་ཀྱི་སྐད་ཡིག་འཕེལ་རྒྱས་སྐོར་གླེང་བ་།༽༼དགུ་སྨད་༽༼རྒྱལ་བློན་འབངས་ཀྱི་ཆས་གོས་སྐོར་གླེང་བ་།༽རྩོམ་པ་པོ་།དགེ་འདུན་ཆོས་འཕེལ་།༼དགུ་སྨད་༽ལོ་རིམ་བདུན་པ་ནས་དགུ་པའི་བར་བསླབ་གཞི་རུ་བཀོད་པའི་རྩོམ་ཡིག་གི་ནང་དོན་དང་འབྲེལ་བའི་དྲི་བ་།༡རྩྭ་ཐང་དྲན་གླུ་ཞེས་པའི་རྩོམ་ཡིག་ནང་རྩོམ་པ་པོས་རྩྭ་ཐང་གི་ཁྱད་ཆོས་གང་དག་ལ་བརྟེན་ནས་ཕ་ཡུལ་དྲན་པའི་འདུན་པ་མཚོན་ཡོད་།ལན་།རྩོམ་པ་པོས་རྩྭ་ཐང་གི་དགོང་ཞོགས་དང་དུས་བཞིའི་ཁྱད་ཆོས་ལ་བརྟེན་ནས་ཕ་ཡུལ་དྲན་པའི་འདུན་པ་མཚོན།༢སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ཞེས་པའི་རྩོམ་ཡིག་དེའི་རྩོམ་ཐབས་ལ་ཁྱད་ཆོས་གང་འདྲ་ལྡན་།ལན་།ཚིག་རྐང་ལྔ་རེ་ཚིགས་བཅད་གཅིག་ཏུ་བྱས་པ་།ཚིག་དོན་གོ་སླ་ཞིང་བབ་ཆགས་པ་།དཔེ་དང་གཟུགས་སུ་བཀོད་པ་གནད་དུ་འཁེལ་བ་།༣སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག་ཞེས་པའི་ཞེས་པའི་ནང་གི་སྣོད་ཀྱི་སྐྱོན་གསུམ་དང་།དྲི་མ་དྲུག་།མི་མཛིན་པའི་སྐྱོན་ལྔ་བཅས་གང་འདྲ་ཡིན་ནམ་།ལན་།སྣོད་ཀྱི་སྐྱོན་གསུམ་།སྣོད་ཁ་སྦུབ་།སྣོད་ཞབས་རྡོལ་།སྣོད་དྲི་མ་ཅན་།དྲི་མ་དྲུག་།ང་རྒྱལ་།མ་དད་པ་།དོན་དུ་མི་གཉེར་བ་།རྣམ་གཡེང་།ཡིད་བསྡུས་པ་།སྐྱོ་བ་།མི་འཛིན་པའི་སྐྱོན་ལྔ་།ཚིག་མི་འཛིན་པ་།དོན་མི་འཛིན་པ་།བརྡ་མ་འཕྲོད་པར་འཛིན་པ་།ལོག་པར་འཛིན་པ་།ལོག་པར་འཛིན་པ་།༤ཆུའི་བསྟན་བཅོས་ཞེས་པའི་བརྩམ་ཆོས་ཀྱི་མིང་དེ་ཇི་ལྟར་བཏགས་པ་ཡིན་།ལན་།བསྟན་བཅོས་ཀྱི་མིང་ཆ་ཚང་ལ་ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱད་ལྡན་ཞེས་བརྗོད་པ་དང་།ཆུའི་ངོ་བོ་དང་རང་བཞིན་།ཕན་ནུས་སོགས་ལ་སྦྱར་ནས་བླང་དོར་གྱི་ཚུལ་ལ་འཇུག་ཚུལ་བསྟན་པའི་ཕྱིར་ཆུའི་བསྟན་བཅོས་ཞེས་བཏགས་པ་ཡིན་།༥ལེགས་བཤད་གཏམ་རྒྱུད་ཚན་པ་གསུམ་ཞེས་པའི་གཏམ་རྒྱུད་གསུམ་པོ་གང་དང་གང་ཡིན་།དེ་དག་སོ་སོས་གནས་ལུགས་གང་འདྲ་ཞིག་བསྟན་ཡོད་།ལན་།༼ཝ་དང་སྲེག་པ་།༽རང་ལས་སྟོབས་དང་ནུས་པ་ཇི་འདྲ་ཆེ་ཡང་ཉམ་ཆུང་ལ་ཐུབ་ཚོད་བྱས་དྲགས་མཐའ་མར་རང་ཉིད་ཕུང་བའི་གནས་ལུགས་བསྟན་ཡོད་།༼བྱི་ལའི་རྫུན་ཚིག་།༽【精品文档】第26页\n精品文档,仅供学习与交流,如有侵权请联系网站删除སྤྱི་ཚོགས་འཚོ་བའི་ནང་དུ་རྫུན་སྨྲ་བ་དང་མགོ་སྐོར་གཏོང་མཁན་ཧ་ཅང་མང་བས་མི་རྣམས་ཀྱིས་དེར་དོགས་ཟོན་བྱེད་དགོས་པ་བསྟན་ཡོད་།༼རྒྱལ་པོའི་སྲས་དང་བྲམ་ཟེའི་བུ་།༽ཡོན་ཏན་སློབ་པར་དབུལ་ཕྱུག་དང་དབང་ཐང་གི་ཆེ་ཆུང་མེད་པར་ཆུང་དུས་ནས་འབད་པ་བྱེད་དགོས་པ་བསྟན་ཡོད་།༦སྲོང་བཙན་སྒམ་པོའི་ཡབ་ཡུམ་གྱི་མཚན་ལ་གང་ཟེར་རམ་།ཁོང་ནི་དུས་ནམ་ཞིག་ལ་སྐུ་འཁྲུངས་པ་ཡིན་།ལན་།ཡབ་གནམ་རི་སྲོང་བཙན་དང་ཡུམ་འབྲི་བཟའ་ཐོད་དཀར་ཚེ་སྤོང་བཟའ་།ཁོང་ནི་སྤྱི་ལོ་༦༡༧ལོར་འཁྲུངས་པ་དང་སྤྱི་ལོ་༦༥༠ལོར་སྐུ་གཤེགས་པ་ཡིན་ནོ་།༧སྲོང་བཙན་སྒམ་པོས་སྐུ་ཚེ་གང་པོའི་རིང་མཛད་རྗེས་ཆེ་བ་ཁག་དྲུག་ཡོད་དེ་།དེ་དག་གང་ཡིན་།ལན་།དང་པོ་།དགུང་ལོ་ཆུང་དུས་ནས་རྒྱལ་སྲིད་བསྐྱངས་ནས་བོད་གཅིག་གྱུར་བཟོས་པ་།གཉིས་པ་།སྲིད་དབང་གནས་གཞི་ལྷ་སར་སྤོས་པ་།གསུམ་པ་།སློབ་དཔོན་ཐོན་མི་ལ་སྒོ་ཀུན་ནས་བོད་ཡིག་གསར་བཅོས་གནང་དུ་བཅུག་པ་།བཞི་པ་།སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་ཁྲིམས་ལུགས་གཏན་ལ་ཕབ་པ་།ལྔ་པ་།ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་གྱི་བྱ་ཐབས་ལག་བསྟར་བྱས་པ་།དྲུག་པ་།ཁྱིམ་མཚེས་རྒྱལ་ཁབ་དང་སྤུན་ཟླའི་མི་རིགས་དབར་མཛའ་མཐུན་གྱི་འབྲེལ་བ་བཙུགས་པ་།༨སྲོང་བཙན་སྒམ་པོས་རྒྱུ་མཚན་གང་ལ་ཞིག་ལ་བོད་ཡིག་གསར་བཟོ་གཅིག་གྱུར་བྱེད་དུ་བཅུག་པ་ཡིན་།ལན་།སྐབས་དེའི་དུས་བོད་ལ་ངག་འཕྲིན་ཙམ་ལས་ཡི་གེ་མེད་སྟབས་།རྒྱལ་པོའི་ཐུགས་ལ་ཆོས་སྲིད་ལེགས་པར་བསྐྱོངས་བ་ངེས་པར་དུ་རང་མི་རིགས་ཀྱི་ཡི་གེ་ཞིག་དགོས་པའི་འདུན་པ་བསྐྱེས་སོ་།༩ཐོས་པ་དགའ་མ་སྨད་གསུམ་ལ་སྡུག་བཏང་མཁན་སུ་ཡིན་།རྐྱེན་གང་ཞིག་གི་ཆེད་དུ་སྡུག་བཏང་བ་།ལན་།ཨ་ཁུ་དང་ཨ་ནེ་གཉིས་ཡིན་།ཐོས་པ་དགའ་མ་སྨད་གསུམ་གྱི་རྒྱུ་ནོར་རང་བདག་བྱེད་པའི་ཆེད་ཡིན་།༡༠ཐང་སྟོང་རྒྱལ་པོས་རྒྱུ་རྐྱེན་ཇི་འདྲ་ཞིག་ལ་བརྟེན་ནས་ལྕགས་ཟམ་བསྐྲུན་རྒྱུ་ཐག་བཅད་པ་རེད་།ཁོང་གིས་མི་ཚེ་གང་པོར་ལྕགས་ཟམ་ཅི་ཙམ་བསྐྲུན་པ་དང་།ལྕགས་ཟམ་ཐོག་མ་གང་ཡིན་།ལན་།ཁོང་གི་ཕ་ཡུལ་དུ་ལོ་རེའི་དབྱར་ཁར་མི་ཟོག་མང་པོ་ཆུས་ཁུར་བའི་གནས་ཚུལ་མཐོང་བ་མ་ཟད་།ཁོང་ཉིད་ཀྱང་ཆུ་ལ་བསྐྱུར་བ་སོགས་ཀྱི་གནས་ཚུལ་འོག་ཟམ་པ་འཛུགས་རྒྱུའི་དམ་བཅས་པ་ཡིན་།ཁོང་གིས་མི་ཚེ་གང་པོར་ཤིང་ཟམ་དྲུག་བཅུ་ཙམ་དང་ལྕགས་ཟམ་ལྔ་བརྒྱད་ཙམ་བསྐྲུན་གནང་ཡོད་།ལྕགས་ཟམ་ཐོག་མ་ནི་སྐྱིད་ཆུའི་ལྕགས་ཟམ་ཡིན་།༡༡བོད་བཙན་པོའི་སྐབས་སུ་བྱུང་བའི་ཡིག་མཁན་ཆེན་པོ་བརྒྱད་སུ་སུ་ཡིན་ནམ་།ཁོང་རྣམས་ཀྱི་ཕྱག་རྒྱུན་གྱི་ཡིག་གཟུགས་ཀྱི་མིང་ལ་ཅི་ཟེར་རམ་།རྒྱལ་པོ་།ཡིག་མཁན་།ཡིག་གཟུགས་།སྲོང་བཙན་སྒམ་པོ་།སློབ་དཔོན་ཐོན་མི་།སྦལ་ནག་ན་ཁར་བགྲད་འདྲ་།མང་སྲོང་མང་བཙན་།ཆ་པར་རིན་ཆེན་འབར་།སོ་ཕག་གཤིབས་འདྲ་།འདུས་སྲོང་མང་པོ་རྗེ་།ཆབ་དཀར་བེའུ་ཚེ་།བྱ་ཕོ་འཇོལ་བ་འདྲ་བ་།ཁྲི་ལྡེ་བཙུག་བརྟན་།དགེ་བསྙེན་དཀོན་མཆོག་དབང་།ནས་ནག་ཕྱིང་དཀར་སྟེང་དུ་བཀྲམ་པ་འདྲ་།ཁྲི་སྲོང་ལྡེ་བཙན་།བྷེ་ཤོ་ཁྲམ་།མུ་ཏིག་ལྟར་ལ་བརྒྱུས་པ་འདྲ་བ་།མུ་ནེ་བཙན་པོ་།ཚེ་སྤོང་བྱང་ཆུབ་།སྦུར་ནག་བགྲད་པ་འདྲ་བ་།མུ་ཏིག་བཙན་པོ་།འབྲེ་བ་ཡོན་ཏན་།ཉ་མོ་ཆུ་ནང་ནས་ཐོན་པ་འདྲ་བ་།ཁྲི་རལ་པ་ཅན་།གྲ་ཤོད་རྣམ་གཉིས་།སེང་གེ་གནམ་དུ་མཆོངས་པ་འདྲ་བ་།༡༢དབུ་ཅན་དང་དབུ་མེད་ཡིག་གཟུགས་གཉིས་ཚད་ལྡན་ཅན་དུ་གང་ནས་མཚོན་ནམ་།ལན་།དབུ་ཅན་ནི་ཁྱུང་པོ་གཡུ་ཁྲིས་དབུ་ཅན་གྱི་འབྲི་ལུགས་ཁྱུང་བྲིས་ཞེས་པ་གསར་དུ་གཏོད་པ་ནི་ཚད་ལྡན་གྱི་དབུ་ཅན་བཟོས་པ་ཐོག་མ་ཡིན་།དབུ་མེད་ནི་ལི་ལུགས་དང་ལྡན་ལུགས་ཞེས་པ་གཉིས་ལས་ལྡན་ལུགས་ཀྱི་རྒྱུན་སྲོལ་དར་སྤེལ་བྱུང་ནས་སྤྱི་ལོའི་དུས་རབས་བཅོ་ལྔའི་མཚམས་སུ་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་ཀྱིསདབུ་མེད་ཚད་ལྡན་གྱི་འབྲི་སྲོག་ཐོག་མ་གཏོད་པ་ཡིན་།༡༣དབུ་མེད་ཀྱི་ཡིག་གཟུགས་གཙོ་ཆེ་བ་གང་དག་ཡོད་དམ་།ལན་།དུས་རབས་ཉི་ཤུའི་མཚམས་སུ་བོད་ཡིག་དབུ་མེད་ཀྱི་འབྲི་སྲོལ་ཚུགས་ཐུང་དང་།དཔེ་ཚུགས་།འབྲུ་ཚ་།འཁྱུག་ཡིག་བཅས་ཀྱི་འབྲི་སྲོལ་ངེས་གཏན་བྱུང་།༡༤དགའ་ལྡན་པར་རྙིང་ཟེར་བ་དེ་གང་ལ་ངོས་འཛིན་བྱེད་དགོས་སམ་།ལན་།རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ཆ་ཚང་པར་བརྐོས་བྱས་པའི་པར་ཤིང་ལ་དགའ་ལྡན་【精品文档】第26页\n精品文档,仅供学习与交流,如有侵权请联系网站删除པར་རྙིང་ཞེས་བརྗོད་དོ་།༡༥བོད་ཀྱི་པར་ཁང་ཆེན་པོ་བཞི་གང་དག་ཡིན་།དེ་དག་བསྐྲུན་མཁན་སུ་ཡིན་།ལན་།སྣར་ཐང་པར་ཁང་།གཞི་ཁ་བསམ་གྲུབ་རྩེ་།ཕོ་ལོ་བ་།༡༧༤༡སྡེ་དགེ་པར་ཁང་།སི་ཁྲོན་དཀར་མཛེས་།སྡེ་དགེ་རྒྱལ་པོ་།༡༧༤༤ཅོ་ནེ་པར་ཁང་།ཀན་སུའུ་ཅོ་ནེ་།ཅོ་ནེ་བསྟན་སྲུང་ཚེ་རིང་དང་མེ་མོ་རིན་ཆེན་དཔལ་འཛོམས་།༡༧༥༢ཞོལ་པར་ཁང་།པོ་ཏ་ལའི་ཞོལ་།ཏྭ་ལའི་སྐུ་ཕྲེང་བཅུ་གསུམ་།དུས་རབས་ཉི་ཤུ་།༡༦བོད་ལ་པར་སྐྲུན་གྱི་ལག་རྩལ་དུས་ནམ་ཞིག་ལ་དར་བ་དང་དེས་བོད་ཀྱི་རིག་གནས་འཕེལ་རྒྱས་འགྲོ་བ་ལ་ནུས་པ་གང་ཞིག་ཐོན་ཡོད་།ལན་།བོད་ཀྱི་རིག་གཞུང་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་ཡོད་པ་མ་ཟད་།ཡིག་གཟུགས་དང་དག་ཆའི་ཐད་འགྱུར་ལྡོག་ཆེན་པོ་མི་བྱུང་བ་དང་ཁྱབ་ཆེ་བའི་གཅིག་གྱུར་བྱུང་ཡོད་།༡༧དགེ་ལྡན་ལེགས་བཤད་ཀྱི་མཚན་ཆ་ཚང་ལ་ཅི་ཟེར་རམ་།མཛད་པ་པོ་སུ་ཡིན་།ལན་།མཚན་ཆ་ཚང་ལ་༼མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆུན་པོ་།༽མཛད་པ་པོ་ནི་པན་ཆེན་བསོད་ནམས་གྲགས་པ་ཡིན་།༡༨མ་བུ་གཉིས་ཀྱི་མཛད་རྗེས་ཞེས་པའི་ནང་མ་བུ་གཉིས་ཀྱིས་དོན་མཚོན་ཡོད་།ལན་།མ་ཡི་མཚོན་དོན་ནི་མེས་རྒྱལ་ཡིན་པ་དང་བུ་ཡི་མཚོན་དོན་ནི་ཀྲུང་གོ་གུང་ཁྲན་ཏང་ཡིན་།༡༩ཉི་མའི་འོད་ཟེར་ཞེས་པའི་ནང་ཉི་མའི་འོད་ཟེར་གྱིས་ཅི་ཞིག་མཚོན་ཡོད་།ཉི་མའི་ནག་ཐིག་གིས་ཅི་ཞིག་མཚོན་ཡོད་།སོར་མོ་གཅིག་དང་སོར་མོ་དགུ་ཞེས་པ་གཉིས་ཀྱིས་ཅི་ཞིག་མཚོན་ཡོད་།ལན་།ཉི་མའི་འོད་ཟེར་གྱིས་སྤྱི་ཚོགས་རང་ལུགས་ཀྱི་རླབས་ཆེན་བྱ་གཞག་མཚོན་པ་།ཉི་མའི་ནག་ཐིག་གིས་ལས་ཀའི་ཁྲོད་དུ་ལྷག་པའི་སྐྱོན་དང་ནོར་འཁྲུལ་།སོར་མོ་དགུ་ཡིས་ལས་ཀའི་གྲུབ་འབྲས་མཚོན་པ་།སོར་མོ་གཅིག་གིས་ལས་ཀའི་ཁྲོད་དུ་ལྷག་པའི་སྐྱོན་དང་ནོར་འཁྲུལ་མཚོན་ཡོད་།༢༠རྩོམ་པ་པོས་ཡ་རུ་ཞིག་གི་སྣང་བརྙན་ཞིབ་འབྲི་བྱས་པ་བརྒྱུད་ནས་དོན་ཅི་ཞིག་སྟན་ཡོད་།ལན་།རིག་གནས་གསར་བརྗེ་ཆེན་པོའི་ནང་དུ་ཉམས་ཉེས་བྱུང་བའི་གཞོན་ནུ་ཞིག་མཚོན་ཡོད་།༢༡ཕོ་བྲང་པོ་ཏ་ལ་དུས་ནམ་ཞིག་ལ་གསར་བཞེངས་བྱེད་འགོ་ཚུགས་པ་དང་།སྔ་ཕྱིས་སུ་མི་སྣ་སུ་ཡིས་རྒྱ་སྐྱེད་གནང་ཡོད་པ་དང་ཕོ་བྲང་གི་མིང་ལ་གང་ཟེར་།ལན་།བཞེངས་མཁན་།ཕོ་བྲང་གི་མིང་།བཞེངས་པའི་ལོ་།སྲོང་བཙན་སྒམ་པོ་།ཕོ་བྲང་ཁྲི་རྩེ་དམར་པོ་།དུས་རབས་བདུན་པའི་དུས་མགོ་།ཏྰ་ལའི་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་།ཕོ་བྲང་དཀར་པོ་།སྤྱི་ལོ་༡༦༤༥--༡༦༤༧སྡེ་སྲིད་སངས་རྒྱས་རྒྱ་མཚོ་།ཕོ་བྲང་དམར་པོ་།སྤྱི་ལོ་༡༦༩༠--༡༦༩༤༢༢འཇིག་རྟེན་རིལ་མོའམ་ཟླུམ་བུ་ཞེས་པའི་ནང་དགག་བྱ་གང་ཞིག་ཡིན་པ་དང་།བསྒྲུབ་བྱ་ཅི་ཞིག་ཡིན་།ལན་།དགག་བྱ་ནི་འཇིག་རྟེན་ལེབ་ལེབ་ཡིན་པའི་ལྟ་བ་།བསྒྲུབ་བྱ་ནི་འཇིག་རྟེན་རིལ་མོའམ་ཟླུམ་པོ་ཡིན་པའི་ལྟ་བ་།༢༣བོད་ཀྱི་ལེགས་བཤད་ཐོག་མ་དེ་གང་ཡིན་།ལན་།ས་སྐྱ་ལེགས་བཤད་།༢༤ས་སྐྱ་ལེགས་བཤད་ཀྱི་མིང་ཆ་ཚང་ལ་ཅི་ཟེར་།ཤོ་ལོ་ཀ་ཅི་ཙམ་ཡོད་།ལན་།༼ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་།༽ཤོ་ལོ་ཀ་།༤༥༧༢༥བཤེས་སྤྲིངས་རྩ་འགྲེལ་ཞེས་པའི་རྩོམ་ཡིག་ནང་བསྟན་པའི་སྒྲིབ་པ་ལྔ་དང་།འདོད་ཡོན་ལྔ་།འཇིག་རྟེན་ཆོས་བརྒྱད་།གྲགས་པ་ཉམས་པར་འགྱུར་བའི་རྒྱུ་དྲུག་བཅས་སོ་སོ་གང་དག་ཡིན་།ལན་།སྒྲིབ་པ་ལྔ་།རྒོད་འགྱོད་།གནོད་སེམས་།རྨུགས་གཉིད་།འདོད་ལ་འདུན་།ཐེ་ཚོམ་།འདོད་ཡོན་ལྔ་།གཟུགས་།སྒྲ་།དྲི་།རོ་།རེག་བྱ་།གྲགས་པ་ཉམས་པར་འགྱུར་བའི་རྒྱུ་དྲུག་།རྒྱན་པོ་འགྱེད་།འདུས་ལ་ལྟ་བ་།ལེ་ལོ་།སྡིག་པའི་གྲོགས་ལ་བསྟེན་པ་།ཆང་འཐུང་བ་།མཚན་མོ་རྒྱུ་བ་བཅས་སོ་།འཇིག་རྟེན་ཆོས་བརྒྱད་།རྙེད་དང་མི་རྙིད་།བདེ་དང་མི་བདེ་།སྙན་དང་མི་སྙན་།བསྟོད་པ་དང་སྨད་པ་།༢༦གཞིས་ཀ་བསམ་གྲུབ་རྩེ་ཞེས་པའི་མིང་དེ་ཇི་ལྟར་ཐོག་པ་ཡིན་ནམ་།ཡུལ་གང་ལ་ཆགས་ཡོད་དམ་།ལན་།བསམ་པའི་དོན་ཐམས་ཅད་གྲུབ་པར་མཚོན་པས་ན་མྱང་སྨད་གཞིས་ཀ་བསམ་གྲུབ་རྩེ་ཞེས་ཐོབ་།དེ་ནི་མྱང་སྨད་གཡས་རུའི་འདབས་སུ་ཆགས་ཡོད་།༢༧དེབ་ཐེར་རྒྱ་མཚོ་ཡི་རྩོམ་པ་པོ་སུ་ཡིན་།ཁོང་དུས་ནམ་ཞིག་ལ་ཡུལ་གང་ཞིག་ལ་འཁྲུངས་པ་ཡིན་།ལན་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除དེབ་ཐེར་རྒྱ་མཚོའི་རྩོམ་པ་པོ་ནི་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཡིན་།ཁོང་ནི་སྤྱི་ལོ་༡༨༠༡ལོར་ཀན་སུའུ་ཞིང་ཆེན་དུ་སྐུ་འཁྲུངས་པ་ཡིན་།༢༨དེབ་ཐེར་རྒྱ་མཚོ་ཡི་མིང་གཞན་ལ་གང་ཟེར་།དེའི་ནང་དོན་གཙོ་བོ་ཅི་ཞིག་ཡིན་།ལན་།དེའི་མིང་གཞན་ལ་༼མདོ་སྨད་ཆོས་འབྱུང་༽ཞེས་བརྗོད་།དེའི་ནང་དོན་གཙོ་བོ་ནི་ཡུལ་མདོ་སྨད་ཁུལ་གྱི་ཆོས་དང་སྲིད་ཀྱི་བྱ་བའི་སྐོར་གྱི་ལོ་རྒྱུས་ཆེན་མོ་ཞིག་ཡིན་།༢༩དེབ་ཐེར་རྒྱ་མཚོ་ལ་ལོ་རྒྱུས་གཞུང་ཞན་དང་མི་འདྲ་བའི་ཁྱད་ཆོས་གང་ཡོད་།ལན་།གཞུང་དེའི་བརྗོད་བྱ་ཁུངས་བཙུན་པ་དང་།རྗོད་བྱེད་ཚིག་གོ་སླ་བ་།བརྩམས་པའི་དུས་སྐབས་ཀྱང་ཅུང་འཕྱི་བ་སོགས་ལོ་རྒྱུས་གཞུང་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད་།༣༠དཔལ་ཞ་ལུ་གསེར་ཁང་དེ་སུས་བཞེངས་པ་དང་།བོད་ཀྱི་ལྷ་ཁང་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡོད་དམ་།ལན་།དུས་རབས་བཅུ་གཅིག་པའི་དུས་མགོར་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཕྱག་བཏབ་གནང་བ་།དབུ་རྩེར་གཡུ་རྩི་སྔོན་མོའི་རྒྱ་ཕིབས་ཁ་སྤྲོད་དུ་བརྒྱན་པ་དང་།རྒྱ་ཕིབས་ཀྱི་འདབས་སྣེ་བད་ཀ་དང་།གཙང་ཁང་དབུས་མའི་སྒོ་དབྱིབས་དང་མདུན་གྱི་སུམ་སྐས་བཅས་བཟོ་སྐྲུན་གྱི་བཀོད་པའི་ཆ་ནས་རྒྱ་ནག་གི་དགོན་པ་དང་ལྷ་ཁང་གི་བཀོད་པ་དང་ཤིན་ཏུ་མཐུན་པའི་ཁྱད་ཆོས་ལྡན་།༣༡དཔལ་ཞ་ལུ་གསེར་ཁང་དེ་རྒྱ་བོད་མཐུན་ལམ་གྱི་ལོ་རྒྱུས་དཔང་རྟགས་ཡིན་ཞེས་བརྗོད་དོན་གང་ཡིན་།ལན་།དཔལ་ཞ་ལུ་གསེར་ཁང་ཉམས་གསོ་དང་རྒྱ་བསྐྱེད་མཛད་སྐབས་རྒྱ་ནག་གོང་མས་གསེར་དངུལ་གྱི་རྒྱབ་སྐྱོར་གནང་བ་མ་ཟད་ལག་རྩལ་མི་སྣ་མངགས་ནས་རོགས་སྐྱོར་གནང་ནས་བསྐྲུན་པ་ཞིག་ཡིན་པས་སོ་།༣༢མོ་ཀོ་བྲག་ཕུག་དེ་ས་ཆ་གང་ན་ཡོད་པ།དེ་རྒྱལ་རབས་གང་གི་སྐབས་སུ་བཟོ་སྐྲུན་བྱེད་འགོ་བཙུགས་པ་ཡིན་།ལན་།ཀན་སུའུ་ཞིང་ཆེན་ཏུན་ཧོང་རྫོང་དུ་གནས་ཡོད་།དེ་ནི་རྒྱལ་རབས་སྔ་མའི་ཅན་ཡོན་ཁྲི་ལོ་གཉིས་པ་ནས་བསྐྲུན་འགོ་ཚུགས་པ་ཡིན་།༣༣ཏུན་ཧོང་བྲག་ཕུག་འདི་འཛམ་བུ་གླིང་ལ་གྲགས་པའི་རྒྱུ་མཚན་ཅི་ཡིན་ནམ་།ལན་།བྲག་ཕུག་མང་བ་།ལྷ་སྐུ་གསོན་ཉམས་ལྡན་པ་།ལྡེབས་རིས་མཚར་སྡུག་བཀྲ་བས་སོ་།༣༤ཏུན་ཧོང་བྲག་ཕུག་ནང་བོད་ཀྱི་བཙན་པོ་སུའི་དུས་ཀྱི་ལོ་རྒྱུས་འཁོད་ཡོད་།ལན་།བོད་ཀྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་སྐབས་ཀྱི་ལོ་རྒྱུས་བཀོད་ཡོད་།༣༥རྫ་རིའི་ཆུ་ཕྲན་ཞེས་པའི་རྩོམ་ཡིག་གི་མཚོན་དོན་ཅི་ཡིན་།ལན་།གངས་ལྗོངས་མི་དམངས་ཡིན་པ་མ་ཟད་།བོད་རིགས་མི་དམངས་ཀྱིས་དེང་རབས་ཅན་བཞིའི་འཛུགས་སྐྲུན་གྱི་བྱ་གཞག་ལ་རང་གི་བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་འབུལ་བཞིན་པ་ལ་བསྔགས་བརྗོད་བྱསཡོད་།༣༦བག་མེད་རྟག་ཏུ་འབབ་པའི་ཆུ་ཕྲན་ཞེས་པའི་སློབ་ཚན་གྱི་མཚོན་དོན་ཅི་ཡིན་།ལན་།རྒྱ་ཆེའི་ངལ་རྩོལ་མི་དམངས་ཡིན་།རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་དཀའ་ངལ་གང་ཞིག་ལའང་མགོ་མི་སྒུར་བར་འབད་པ་ཆེན་པོས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་ཡོད་།༣༧ས་སྐྱ་པཎ་ཌི་ཏ་ཀུན་དགའ་རྒྱལ་མཚན་ནི་དུས་ནམ་ཞིག་ལ་ཡུལ་གང་ལ་འཁྲུངས་པ་ཡིནལན་།ཁོང་ནི་སྤྱི་ལོ་༡༡༨༢ལོར་ས་སྐྱར་སྐུ་འཁྲུངས་པ་དང་ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་།༣༨ཁོང་གིས་ཕྱོགས་གང་གི་མཛད་པ་ཆེན་པོ་འཇོག་གནང་ཡོད་དམ་།ལན་།རིག་གནས་ཐད་ཀྱི་མཛད་རྗེས་།རིག་གནས་ཆེ་ཆུང་བཅུ་འཐུས་ཚང་དུ་བཏང་བ་།ཆབ་སྲིད་ཐད་ཀྱི་མཛད་པ་།མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བ་དང་།བོད་ཁམས་བདེ་འཇགས་ཡོང་བ་།བོད་འབངས་ཀྱི་ཐོན་སྐྱེད་འཚོ་བ་རྒྱུན་གཏན་ཡོང་བར་མཛད་པ་རླབས་ཆེན་འཇོག་གནང་ཡོད་།༣༩ས་པན་མཆོག་ཧོར་ཡུལ་ལ་འཕེབས་དགོས་དོན་གང་ཡིན་།ལན་།མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བ་དང་།བོད་ཁམས་བདེ་འཇགས་ཡོང་བ་།བོད་འབངས་ཀྱི་ཐོན་སྐྱེད་འཚོ་བ་རྒྱུན་གཏན་ཡོང་བའི་ཆེད་དུ་ཡིན་།༤༠སྐར་མ་རི་ཥི་ནི་དུས་ནམ་ཞིག་ལ་ཕྱོགས་གང་ནས་ཤར་བ་མཐོང་ཐུབ་བམ་།ལན་།སྟོན་ཟླ་འབྲིང་པོའི་སྐབས་སུ་ལྷོ་ཕྱོགས་རི་བོའི་རྩེ་ནས་ཐོ་རངས་ཀྱི་དུས་སུ་ཐོག་མར་མཐོང་ཐུབ་པ་།དེ་ནས་དགུན་སྨད་དང་དཔྱིད་དུས་ཀྱི་མཚམས་སུ་ལྷོ་ཕྱོགས་ནས་ས་སྲོས་དུས་ལ་མཐོང་ཐུབ་།༤༡བདག་གི་གཞོན་ནུའི་ལོ་རབས་ཞེས་པའི་ནང་མ་མྱང་ཚ་དཀར་རྒྱན་གྱིས་ཐོས་པ་དགའ་ལ་གབ་ཡིག་ཅིག་བྲིས་ཡོད་པས་དེའི་གབ་དོན་གང་ཡིན་ནམ་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除དེ་ལས་མ་མྱང་ཚ་དཀར་རྒྱན་ནི་བུད་མེད་ཅི་འདྲ་ཞིག་ཡིན་པ་མཚོན་ཐུབ་བམ་།ལན་།ལུང་པ་ཁ་བྱང་དུ་ལྟ་བ་།༼རྣལ་འབྱོར་བའི་བེམ་པོ་ལ་གོ་དགོས་པ་།༽སྤྲིན་ནག་པོ་ལྡིང་པ་།༼ལྷན་པ་ནག་པོ་ཁ་གང་བཏབ་པ་གོ་དགོས་པ་།༽སྐར་མ་སྨིན་དྲུག་འཆར་བ།༼སྐུད་པ་དཀར་པོའི་ཧབ་བཙེམས་ལ་གོ་དགོས་པ་།༽རང་རེའི་ཉེ་ཚན་གྲོང་པ་བདུན་།༼གསེར་སྲང་བདུན་པོ་་གོ་དགོས་།༽རྩད་མ་ཆོད་ན་ལུང་པ་དེའི་ནང་ན་རྣལ་འབྱོར་པ་འདི་རང་བཞུགས་པ་ཡིན་པས་གཞན་དུ་མ་འདྲི་།༼ཧ་མ་གོ་ན་གསེར་རྣལ་འབྱོར་པའི་བེམ་པོའི་ནང་ཡོད་པས་གཞན་དུ་མ་འཚོལ་ལོ་།༽༤༢བདག་གི་ཁུ་བོ་ཡུ་ལེ་ཞེས་པའི་རྩོམ་ཡིག་ནང་གི་མི་སྣ་གཙོ་བོ་སུ་ཡིན་།ཧྥེ་ལི་ཕུའི་ཁྱོ་ཤུག་གཉིས་ཀྱིས་ཨ་ཁུ་ཡུ་ལེ་ལ་རེ་སྒུག་བྱེད་དགོས་དོན་གང་ཡིན་ནམ་།ལན་།ཧྥེ་ལི་ཕུའི་ཁྱོ་ཤུག་གཉིས་ཡིན་།ཁུ་བོ་ཡུ་ལེས་ཁོ་ཚོའི་ཉམས་ཐག་གི་འཚོ་བ་ལས་བསྐྱབ་འདོད་ཀྱི་རེ་བ་བཅངས་ཡོད་པས་རེ་སྒུག་བྱེད་པ་ཡིན་།༤༣གཙུག་གཡུ་ཞེས་པའི་བརྩམ་ཆོས་ནང་རྩོམ་པ་པོས་དཔལ་ལྡན་ཁྱིམ་གྱི་དཀའ་སྡུག་བརྗོད་པ་བརྒྱུད་པ་ལས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་ཇི་འདྲ་ཡིན་པ་མཚོན་ཡོད་།ལན་།སྐབས་དེའི་སྤྱི་ཚོགས་ནང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་རང་ལུས་རང་དབང་མེད་པ་དང་རང་རྒྱུ་རང་བདག་གི་དབང་ཆ་མེད་པའི་སྤྱི་ཚོགས་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་།༤༤གནས་སྟོད་དབྱངས་ཅན་སྒེག་མོའི་གླུ་དབྱངས་ཞེས་པའི་ནང་གཙོ་བོ་རྒྱན་གང་ལ་བརྟེན་ནས་ཡུལ་གྱི་ཁྱད་ཆོས་བརྗོད་ཡོད་།ལན་།དཔེ་རྒྱན་དང་གཟུགས་རྒྱན་གཉིས་བརྟེན་ནས་ཡུལ་གྱི་ཁྱད་ཆོས་བརྗོད་ཡོད་།༤༥བོད་ཀྱི་སྲོལ་རྒྱུན་རྩོམ་ཡིག་ལ་ཆ་རྐྱེན་གང་དག་ཚང་དགོས་།ལན་།མཆོད་བརྗོད་།རྩོམ་པར་དམ་བཅས་པ་།བློ་ལྡན་སྙན་སྐུལ་།གཞུང་དོན་དངོས་།མཇུག་སྨོན་།༤༦གངས་རྒྱན་པད་མ་ཞེས་པའི་སློབ་ཚན་ནང་རྩོམ་པ་པོས་གངས་རྒྱན་པད་མར་བསྟོད་པ་བྱས་པ་བརྒྱུད་ནས་དོན་ཅི་ཞིག་བརྗོད་ཡོད་།ལན་།གངས་ལྗོངས་མི་དམངས་ཀྱི་དཀའ་སྤྱད་ཀྱི་སྙིང་སྟོབས་ལ་བསྟོད་པ་བྱས་ཡོད་།༤༧བསམ་ཡས་གཙུག་ལག་ཁང་དེ་བོད་རྒྱལ་སུའི་དུས་ལ་དགོས་པ་གང་ཞིག་གི་ཆེད་དུ་བཞེངས་པ་ཡིན་།ལན་།ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་སྤྱི་ལོ་༧༦༢ལོར་བཞེངས་འགོ་ཚུགས་པ་དང་སྤྱི་ལོ་༧༦༦ལོར་ལེགས་པར་གྲུབ་ཡོད་།སངས་རྒྱས་ཆོས་ལུགས་སླར་གསོ་དང་དར་སྤེལ་གཏོང་ཆེད་དུ་ཡིན་།༤༨བསམ་ཡས་གཙུག་ལག་ཁང་དེ་ལ་བཟོ་སྐྲུན་ཁྱད་ཆོས་གཙོ་བོ་གང་ཞིག་ལྡན་ཡོད་།ལན་།ལུགས་གསུམ་།འོག་ཁང་བོད་ལུགས་རྡོ་ལས་གྲུབ་པ་།བར་ཁང་རྒྱ་ནག་གི་ལུགས་ས་ཕག་ལས་གྲུབ་པ་།སྟེང་ཁང་རྒྱ་གར་གྱི་ལུགས་ཤིང་ལས་གྲུབ་པ་།༤༩བོད་ལ་ཡིག་བསྒྱུར་ཁང་དེ་ཐོག་མ་དེ་ཡུལ་གང་ལ་གནས་ཡོད་།ལན་།བསམ་ཡས་སུ་བཙུགས་པའི་སྒྲ་བསྒྱུར་རྒྱ་གར་གླིང་ནི་བོད་ལ་བཙུགས་པའི་སྒྲ་བསྒྱུར་གླིང་ཐོག་མ་།輿繳︽義繼︽臱繳︽繽臥︽舋纍︽輦﹀1<<耲繼︽繴繳︽腷︽興繴︽>>繻繴︽較臥︽輹纀︽繽︽胑﹀<<耲繼︽繴繳︽腷︽興繴︽>>肑︽輂纍︽纊繿纍︽繿輂繼︽繽纊︽舺繿︽繻胑︽繼︽繻輨繳︽繽︽繵繼︽羍纍︽纀纄繻︽繽臥︽義︽繳纊︽羍︽耲繼︽繴繳︽羆︽繳臘繴︽舃繳纍︽臗繳︽臫繼﹀輂纍︽纊繿纍︽繿翯︽繳舘纀︽繽纊︽纈羗︽纈羉繼︽翿纍︽義纋︽纈繾繳纍︽繽臥︽罞︽輂纍︽舘︽興︽纁︽繿︽舎繴︽軷繼︽輎︽耑︽義纋︽纀纃繼︽羍纍︽<<耲繼︽繴繳︽腷︽興繴︽>>軻繳︽纀纊︽繿軛纊︽繿︽繻繴︽﹀繻繽繴︽興︽纁︽繿︽腇︽羗纍︽繿聏繼︽繽纍︽纈輁︽纋︽纈羏纊︽繿翴纍︽纀纄繻︽翭繴︽﹀繻輦繴纍︽繵繼︽纀羇纋︽義繼︽羍纍︽纈羖纋︽繽︽繿肎纍︽繽︽臗繳︽贁繴︽纀纄繻﹀纆︽舃︽翿纍︽罫繴︽繿纇繴︽胑纍︽義︽纈羖纋︽繳耡纍︽纋︽繳聀繳纍︽繼纍︽繻繳︽繿翴纍︽繻繴︽纀繶繼︽纈較繿纍︽纀纄繻︽繽︽臫繼﹀輂纍︽較臥︽耑纍︽繼纍︽繿臜繴︽耲繼︽繳臘繴︽較︽纋︽繿聓繼︽繼纍︽輥繻︽纀繲纍︽繽纍︽耲繼︽繴繳︽繿輵纀︽翿纍︽輕纋︽輂︽輨繴︽繿︽腵︽耣繴︽繿︽臗繳︽繿輵纀纍︽繳繼繴︽臰繻﹀醔繳繴︽纈輅︽臗繳︽纋︽纊繴︽繿臗繼︽繿耓繻︽繽臥︽義繼︽臝纊﹀較︽纋︽繻輩︽繿︽繳繴︽繻繳︽臰繻﹀纋繼︽輂﹀繿耓繻︽輦臥︽繻軦纍︽胑︽肧纀纍︽贂︽纊繴︽繿臗繼︽聁︽軦︽輥︽繻繴︽﹀較︽繻繳︽肧纀︽繽臥︽繳繼纍︽罜繿纍︽肵︽轂繳纍︽腷繻︽繽︽纋︽臰繻︽繽︽繻繴﹀臰繻︽繽︽纋︽腷繻︽繽︽舚繳纍︽贂︽転︽罞纊︽胾繴纍︽聁︽耂︽纀︽耂︽繿臗繼︽輂︽繿耓繻︽繽臥︽義繼︽纋︽臝纊﹀較臥︽繻輩︽繿︽纋︽臱繳纍︽纊繴︽繿臗繼︽繿耓繻︽繽臥︽義繼︽繻繴︽﹀輦︽繿︽纊繴︽繿臗繼︽繿耓繻︽繽臥︽義繼﹀臰繼︽繹繼︽纊繴︽繿臗繼︽繿耓繻︽繽臥︽義繼﹀轇纍︽纊繴︽繿臗繼︽繿耓繻︽繽臥︽義繼︽繿繵纍︽臰繻﹀醕繳繴︽纈輅︽臗繳︽纋︽臱繳纍︽纊繴︽繿臗繼︽繿耓繻︽繽臥︽義繼︽臝纊﹀纋繼︽輂﹀臱繳纍︽纀軹繼︽羍︽繻軦纍︽胑︽脅︽纋︽罺繿︽繽臥︽罺繻︽翿纍︽較︽繻繳︽耂︽纀︽耂︽繿臗繼︽輂︽輅繴︽胑纊︽繿耓繻︽繽臥︽義繼︽纋︽臝纊﹀醖繳繴︽纈輅︽臗繳︽纋︽輦︽繿︽纊繴︽繿臗繼︽繿耓繻︽繽臥︽義繼︽臝纊﹀纋繼︽輂﹀輩繻︽繽︽胑纈纀︽輩繻︽繽︽繳繴︽臲繴︽臗繳︽羆纍︽輦︽繿︽繳繴︽輦纍︽繽︽軶︽輅繴︽胑纊︽繿耓繻︽繽臥︽義繼︽纋︽臝纊﹀醗繳繴︽纈輅︽臗繳︽纋︽臰繼︽繹繼︽纊繴︽繿臗繼︽繿耓繻︽繽臥︽義繼︽臝纊﹀【精品文档】第26页\n精品文档,仅供学习与交流,如有侵权请联系网站删除纋繼︽輂﹀罺繻︽繳臗︽繳繴︽纋︽繿聓繼︽繼纍︽輨繴︽繿臥︽臰繼︽繹繼︽繼纀︽罺繻︽翿纍︽繳輴︽輥︽較︽繻繳︽耂︽纀︽耂︽繿臗繼︽輂︽輅繴︽胑纊︽繿耓繻︽繽︽臗繳︽臫繼﹀醘繳繴︽纈輅︽臗繳︽纋︽轇纍︽纊繴︽繿臗繼︽繿耓繻︽繽臥︽義繼︽臝纊﹀纋繼︽輂﹀罺繻︽繳臗︽繳繴︽羆︽軦︽輥︽繻繴︽肒纍︽繽︽繳繴︽纉繴︽腵︽軷繼︽繽纊︽罺繻︽繳臗︽繳繴︽繻繴︽纈腀纋︽繿臥︽轇纍︽贂︽繻軦纍︽胑︽纁纀︽輅繴︽胑纊︽繿耓繻︽繽︽臗繳︽羉醙纊繴︽繿臗繼︽繿耓繻︽繽臥︽義繼︽繿臗︽胑︽較︽繻繳︽羆︽輄繼︽纀輄纊︽繿肎纍︽繼纍︽繿續繻︽繼﹀纋繼﹀罺繻︽翿纍︽較︽繻繳︽繻繴︽聾繼︽繽臥︽繻軦纍︽胑︽較臥︽軦︽輥︽脅︽纁纀︽臗繳︽輅繴︽胑纊︽繿耓繻︽繽︽肑︽臱繳纍︽纊繴︽繿臗繼︽繿耓繻︽繽臥︽義繼︽臫繼︽繽︽繻繴︽﹀輩繻︽繽︽胑纈纀︽輩繻︽繽︽繳繴︽纉繴︽臲繴︽繿纍︽輦︽繿︽輩繻︽轀纋︽繳輴︽輥纊︽軷繼︽繽︽肑︽輦︽繿︽纊繴︽繿臗繼︽繿耓繻︽繽臥︽義繼︽繻繴︽﹀繻軦纍︽胑︽較臥︽罺繻︽翿纍︽纍纀︽肒纍︽繽︽繳輴︽輥纊︽軷繼︽繽︽肑︽臰繼︽繹繼︽纊繴︽繿臗繼︽繿耓繻︽繽臥︽義繼﹀罺繻︽繳臗︽繳繴︽纋︽臰繻︽繽臥︽轇纍︽贂︽繻軦纍︽胑︽纁纀︽繳輴︽輥纊︽軷繼︽繽︽纋纍︽纊繴︽繿臗繼︽繻繴︽罺繻︽翿纍︽繿繵纍︽繳輴︽輥纊︽腵︽軷繼︽繽︽肑︽轇纍︽纊繴︽繿臗繼︽繿耓繻︽繽臥︽義繼︽輂︽繿纆繳︽繽︽臫繼︽肕﹀醜繳繴︽纈輅︽臗繳︽纋︽繻胐︽義繼︽臝纊﹀纋繼﹀繻胐︽輄繼︽繺︽繻繻︽繿贀繻︽繽︽纋纍﹀纀轀繴纍︽繽纊︽聕繳纍︽輩繻︽繻胐︽義繼︽臫繼﹀臙纍︽繻胐︽繻繴︽繻胐︽繵繼︽軦︽輥︽繺︽繻繻︽聀︽繿贀繻︽繽︽纋︽繿聓繼︽繼纍︽較︽繳耡纍︽纀轀繴纍︽繽纊︽聕繳纍︽繽纊︽輩繻︽繽︽肑︽繻胐︽義繼︽臫繼﹀醝繳繴︽纈輅︽臗繳︽纋︽翿纍︽繻胐︽臝纊﹀纋繼﹀繻胐︽繻繴︽繻胐︽繵繼︽纀轀繴纍︽繽臥︽翿纍﹀纀耇繳︽聀︽繿贀繻︽繽︽翿纍︽繻胐纊︽纈輄繻﹀臙纍︽繻胐︽繻繴︽繻胐︽繵繼︽繳耡纍︽繺︽繻繻︽聀︽繿贀繻︽繽︽纁纀︽纀︽纇繻︽較︽繳耡纍︽纀轀繴纍︽繽纊︽輩繻︽纀繲繼︽羍︽翿纍︽較︽纀耇繳︽聀︽繿贀繻︽繽︽纋︽翿纍︽繻胐︽臝纊﹀醞繳繴︽纈輅︽臗繳︽纋︽繻軦纍︽繻胐︽臝纊﹀纋繼﹀繻胐︽繻繴︽繻胐︽繵繼︽纁纀︽臗繳︽纋纍﹀纀轀繴纍︽翿纍︽腵︽軷繼︽繻軦纍︽胑臥︽繻胐﹀臙纍︽繻胐︽繻繴︽繻胐︽繵繼︽繺︽繻繻︽聀︽繿贀繻︽繽︽纁纀︽纋纍︽較︽繳耡纍︽纀轀繴纍︽繽纊︽輩繻︽繽臥︽翿纍︽腵︽繿贀繻︽繽︽纋︽繻軦纍︽繻胐︽臙纍︽臝纊﹀醔醓翿纍︽繻胐︽繻繴︽繻軦纍︽繻胐︽繳耡纍︽繻繿纊︽纋︽纈輅︽繿臥︽繶︽繻繴︽腵︽纈輅︽繿臥︽繶︽繳繴︽繻繳︽臰繻﹀纋繼﹀較︽繳耡纍︽贂︽纈輅︽繿臥︽繶︽肑繻胐︽繻繴︽繻胐︽繵繼︽繳耡纍︽贂︽腵繴︽繻軦纍︽舘︽繿贀繻︽繽︽繻繴︽﹀繳耡纍︽繱纊︽纀轀繴纍︽繽︽繳纍纋︽輩繻︽贂︽軞︽臰繻︽繽﹀繳耡纍︽繱纍︽繻胐臥︽軻繳︽繼纍︽輄繼︽纀轂繼︽繽纊︽輩繻︽繽﹀腵︽纈輅︽繿臥︽繶︽肑﹀翿纍︽繻胐臥︽繻胐纊︽繿耓繻︽繼繴︽繻胐︽繻繴︽繻胐︽繵繼︽纀轀繴纍︽繽臥︽翿纍︽繻軦纍︽舘︽繿贀繻︽繽︽繻繴﹀繻軦纍︽繻胐臥︽繻胐纊︽繿耓繻︽繼繴︽纀轀繴纍︽翿纍︽繻軦纍︽舘︽腵︽軷繼︽繽﹀纀轀繴纍︽繽︽繳纍纋︽輩繻︽贂︽軞︽腪纊︽罜繿纍︽翿纍︽繻胐臥︽繻胐纊︽繿耓繻︽贂︽繻贂纋︽纋纀︽繿纊︽輂︽纈耇繳︽繽︽繻繴︽﹀繻軦纍︽繻胐臥︽繻胐纊︽繿耓繻︽贂︽纀耇繳︽聀︽纈耇繳醔醔繳繴︽纈輅︽臗繳︽纋︽輕纋︽輨繴︽羆︽繻胐︽臝纊︽纊纀﹀纋繼﹀繻胐︽繻繴︽繻胐︽繵繼︽繿纊︽羍︽腵︽纈輅︽繿纊︽罺繻︽繽纊︽纀繴︽胑︽臰繻︽贁繴︽繳繼纍︽臮纋︽羍︽罺繻︽繽纊︽纁纀︽纋纍︽繳纆繼︽羍︽罺繻︽繽纊︽腷繻︽翲纍︽臦繻︽翾繼︽胑纍︽繿耓繻︽繽︽臗繳︽臫繼﹀醔醕繳繴︽纈輅︽臗繳︽纋︽纊繿︽繿繹繳纍︽繻胐︽臝纊︽纊纀﹀纋繼﹀繻胐︽繵繼︽纋︽臰繻︽繽臥︽罺繻︽翿纍︽較︽聖︽輣︽繴︽纋︽臰繻︽翲纍︽繻胐纍︽繴︽義纋︽纀︽輩繻︽翭繳較︽聖︽輣臥︽罺繻︽翿纍︽繳纆繼︽纋︽臰繻︽翲纍︽輄︽臙纍﹀繻胐臥︽繻軦纍︽胑纊︽較︽聖︽輣臥︽繿纍纀︽繽︽腷繻︽繿臗繼︽輂︽転︽繿繹繳纍︽聁︽繿耓繻︽繽︽臗繳︽臫繼﹀醔醖繳繴︽纈輅︽臗繳︽纋︽膎繻︽輨繴︽繻胐︽臝纊﹀纋繼﹀繻胐︽較纊︽罺繻︽翿纍︽較︽聾繼︽繼﹀繻胐纊︽臩纍︽臙纍︽繿耓繻︽膎繻︽輨繴︽繻胐﹀臙纍繻胐︽較纍︽繻胐︽繵繼︽較︽纋︽纈羒繼︽臟︽輩繻︽腵︽軹繿︽繽︽繻繴︽﹀繻胐︽繵繼︽較︽繻胐︽纋纍︽罺繻︽輂︽纈繾繳纍︽繽︽繿軳繼︽臰繻﹀醔醗繳繴︽纈輅︽臗繳︽纋︽軺︽轂纀︽繻胐︽臝纊﹀纋繼﹀翿纍︽纀轀繴纍︽繻胐︽繻繴︽繻胐︽繵繼︽繳耡纍﹀繻輩︽繿︽纈輩繻︽腵繼︽軺︽轂纀︽繻胐﹀臙纍︽繻胐︽繻繴︽繻胐︽繵繼︽羍︽罺繻︽翿纍︽舚︽舚︽膚纍︽繼纍︽繳繴︽臗繳︽繻胐︽繻繴︽繳繴︽臗繳︽繻胐︽繵繼︽臫繼︽腵繼︽繻輩︽繿︽纈輩繻︽腵︽軹繿︽繽︽聖︽輣﹀醔醘繳繴︽纈輅︽臗繳︽纋︽膕繻︽繽臥︽繻胐︽臝纊﹀纋繼﹀纀轀繴纍︽繻胐︽纈繳纈︽臫︽罫繼︽繿耓繻︽較﹀繻胐︽纋︽膚繻︽繽︽膕繻︽繽臥︽繻胐﹀臙纍︽繻胐︽繻繴︽繻胐︽繵繼︽繳耡纍︽輜繳纍︽纈繳纈︽臗繳︽羆︽繶︽繼纍︽纀轀繴纍︽贁繴︽﹀罫繼︽纈繳纈︽臗繳︽羆︽軘︽繼纍︽繻胐︽繵繼︽纋纍︽繻胐︽繻纀繼︽繽纊︽繿耓繻︽繽︽臫繼﹀སུམ་ཅུ་པའི་སྐོར་།དང་པོ་།ཡི་གེ་བཤད་པ་།ཡི་གེའི་ངོ་བོ་བཤད་པ་།མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་དེ་ལ་ཡི་གེ་ཞེས་བརྗོད་།ཡི་གེ་བྱུང་བའི་རྒྱུ་བཤད་པ་།གནས་།བྱེད་པ་།རླུུང་།རྣམ་རྟོག་བཅས་ལས་བྱུང་ངོ་།ཡི་གེའི་དབྱེ་བ་བཤད་པ་།སྤྱིར་ཡི་གེ་ལ་དབྱེ་ན་དབྱངས་དང་གསལ་བྱེད་ཞེས་རྩ་བའི་དབྱེ་བ་གཉིས་ཡོད་།དེ་ཡང་།སྲོག་གྱི་ཡི་གེ་།དབྱངས་བཞི་དང་ཚེག་།རྐྱེན་གྱི་ཡི་གེ་།དབུ་དང་ཤད་།ཕ་ཡི་ཡི་གེ་།གསལ་བྱེད་ཉི་ཤུ་རྩ་དགུ་།མ་ཡི་ཡི་གེ་།ཨ་ཡིག་།བུ་ཡི་ཡི་གེ་།གུག་གུ་།འགྲེང་པོ་།ན་རོ་།ཞབས་ཀྱུ་།ཡ་བཏགས་།ར་བཏགས་།དབྱངས་ཡིག་བཤད་པ་།གོ་དོན་།གནསདང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་།རང་ཉིད་གསལ་བྱེད་རྣམས་དང་ཕྲད་པ་ལ་བརྟེན་ནས་མིང་དང་ཚིག་གི་བརྗོད་པའི་སྒྲ་གསལ་བྱེད་ནུས་པའི་སྒྲ་རིང་ཆ་ཅན་དེ་ལ་ཟེར་།རྣམ་གྲངས་།ཨི་ཨུ་ཨེ་ཨོ་གསལ་བྱེད་བཤད་པ་།གོ་དོན་།གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་།རང་ཉིད་དབྱངས་དང་སྦྱར་ན་མིང་དང་ཚིག་གི་བརྗོད་པ་གསལ་པོར་སྟོན་ནུས་པ་དང་།དབྱངས་འཇུག་པའི་གཞི་ཡིན་པས་ན་གསལ་བྱེད་ཟེར་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除གསལ་བྱེད་ཀྱི་རྣམ་གྲངས་།གསལ་བྱེད་སུམ་ཅུ་།སྡེ་པ་བརྒྱད་དང་ཕྱེད་།མིང་གཞི་བཤད་པ་།གོ་དོན་།མིང་དང་ཚིག་གི་བརྗོད་པའི་གཞི་རུ་གྱུར་ཅིང་།སྔོན་འཇུག་དང་རྗེས་འཇུག་།དབྱངས་སོགས་འཇུག་པའི་གཞི་ཡིན་པས་ན་མིང་གཞི་ཞེས་ཟེར་།མིང་གཞིའི་རྣམ་གྲངས་།སྤྱིར་གསལ་བྱེད་སུམ་ཅུ་མཐའ་དག་མིང་གཞི་ཡིན་།དེའི་ནང་ནས་རྗེས་འཇུག་བཅུ་བླངས་པས་ལྷག་མ་ཉི་ཤུ་ནི་སྔོན་རྗེས་ཡང་གསུམ་གང་ལའང་མི་འགྲོ་བས་མིང་གཞི་རྐྱང་པ་ཟེར་།མགོ་ཅན་གྱི་ཡི་གེ་བཤད་པ་།མགོ་ཅན་གྱི་ཡི་གེ་གསུམ་།ར་མགོ་།ལ་མགོ་།ས་མགོ་བཅས་སོ་།ར་མགོ་ཅན་གྱི་ཡི་གེ་བཅུ་གཉིས་།རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་བཅས་སོ་།ལ་མགོ་ཅན་གྱི་ཡི་གེ་བཅུ་།ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་བཅས་སོ་།ས་མགོ་ཅན་གྱི་ཡི་གེ་བཅུ་གཅིག་།སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་བཅས་སོ་།འདོགས་ཅན་གྱི་ཡི་གེ་བཤད་པ་།འདོགས་ཅན་བཞི་ནི་།ཡ་བཏགས་ར་བཏགས་ལ་བཏགས་ཝ་བཏགས་བཅས་སོ་།ཡ་བཏགས་ཅན་གྱི་ཡི་གེ་བདུན་།ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་ར་བཏགས་ཅན་གྱི་ཡི་གེ་བཅུ་གསུམ་།ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་ནྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་ལ་བཏགས་ཅན་གྱི་ཡི་གེ་དྲུག་།ཀླ་གླ་བླ་ཟླ་རླ་སླ་ཝ་བཏགས་ཅན་གྱི་ཡི་གེ་བཅུ་གཉིས་།ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་གཉིས་པ་།རྣམ་དབྱེ་བཤད་པ་།རྣམ་དབྱེའི་གོ་དོན་།ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་ཟེར་།རྣམ་དབྱེའི་རྣམ་གྲངས་།རྣམ་དབྱེ་ལ་ནང་གསེས་དབྱེ་བ་བརྒྱད་ཡོད་དེ་རྣམ་དབྱེ་དང་པོ་མིང་གི་ངོ་བོ་ཙམ་བརྗོད་པ་།རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་།རྣམ་དབྱེ་གསུམ་པ་བྱེད་སྒྲ་།རྣམ་དབྱེ་བཞི་པ་དགོས་ཆེད་།རྣམ་དབྱེ་ལྔ་པ་འབྱུང་ཁུངས་།རྣམ་དབྱེ་དྲུག་པ་འབྲེལ་སྒྲ་།རྣམ་དབྱེ་བདུན་པ་གནས་གཞི་།རྣམ་དབྱེ་བརྒྱད་པ་འབོད་སྒྲ་།རྣམ་དབྱེ་རྣམ་གྲངས་ཁག་རྒྱས་པར་བཤད་པ་།རྣམ་དབྱེ་དང་པོ་མིང་གི་ངོ་བོ་ཙམ་བརྗོད་པ་།གང་ཞིག་དོན་གྱི་ངོ་བོ་ཙམ་།བརྗོད་པ་རྣམ་དབྱེ་དང་པོ་ཡིན་།ཆོས་གང་ཞིག་གཞན་དང་མི་ནོར་བའི་ཆེད་དུ་གསར་དུ་མིང་ཞིག་བཏགས་པ་ལ་རང་གི་ངོ་བོ་ཆོས་གཞན་དང་མ་འདྲེས་པའི་ཁྱད་པར་སྟོན་པའི་ཆ་ནས་མིང་དུ་གྲུབ་པ་རྣམ་དབྱེ་དང་པོའོ་།དཔེར་ན་།གཟུགས་སྒྲ་དྲི་རོ་རེག་བྱ་ས་ཆུ་མེ་རླུང་ལྟ་བུའོ་།ཞར་བྱུང་།མིང་གི་མཚན་ཉིད་།ཡི་གེ་གཉིས་སམ་གསུམ་སོགས་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པ་ལ་མིང་ཟེར་།མིང་གི་དབྱེ་བ་།མིང་གི་གྲུབ་ཚུལ་ལམ་འདོགས་སྟངས་ཀྱི་ཆ་ནས་དབྱེ་ན་དངོས་མིང་དང་བཏགས་མིང་ཞེས་གཉིས་ཡོད་།དེ་ལའང་དངོས་མིང་འདོད་རྒྱལ་དང་དངོས་མིང་རྗེས་གྲུབ་།བཏགས་མིང་འདོད་རྒྱལ་དང་བཏགས་མིང་རྗེས་གྲུབ་ཞེས་དབྱེའོ་།འདོད་རྒྱལ་མིང་།རྒྱུ་མཚན་མེད་པར་དངོས་པོ་དེ་ལ་ཐོག་མར་འདོད་པ་ཙམ་གྱིས་བརྡ་སྦྱར་བས་དངོས་སོ་དེའི་མིང་དུ་ཆགས་པ་འདོད་པ་ལྟར་རྒྱལ་བར་བྱས་པས་སོ་།དཔེར་ན་།ས་ཆུ་མེ་རླུང་རི་རྡོ་རྟ་ལྟ་བུའོ་།རྗེས་གྲུབ་མིང་།འདོད་རྒྱལ་ཐོག་མའི་མིང་དེའི་དོན་ལ་གོ་བ་ཆགས་པ་སྔོན་དུ་སོང་བ་གཞིར་བྱས་ནས་།རྒྱུ་མཚན་དང་བཅས་ཏེ་བཏགས་པའི་མིང་ལ་གོ་།དཔེར་ན་།མེ་མདའ་ཆུ་ཤེལ་སློབ་ཁང་ལྕགས་སྐུད་ལྟ་བུའོ་།མིང་གི་ངོ་བོ་དང་ནང་དོན་གྱི་ཆ་ནས་དབྱེ་ན་བརྒྱད་ཙམ་ཡོད་།༡ཁྱད་གཞི་བརྗོད་པའི་མིང་།༢ཁྱད་ཆོས་བརྗོད་པའི་མིང་།༣བྱ་བྱེད་སྟོན་པའི་མིང་།༤ཚིག་རྒྱན་གསལ་བྱེད་ཀྱི་མིང་།༥ཚད་འཛིན་པའི་མིང་།༦རྩིས་གཞི་སྟོན་པའི་མིང་།༧ལྡོག་ཟླའི་མིང་།༨ཆུང་ངུ་སྟོན་པའི་མིང་།རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་།བྱེད་པ་པོའམ་བྱེད་པ་གང་རུང་ཞིག་གིས་གཙོ་ཆེར་བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པ་ཙམ་སྟོན་པ་ལས་བྱ་བ་བྱེད་པའི་དམིགས་པ་དང་དགོས་པ་སོགས་མི་སྟོན་པ་ཞིག་།༼ལས་སུ་བྱ་བའི་ལས་ནི་བྱ་བའི་ཡུལ་ལ་གོ་༽དཔེར་ན་།ནག་པང་སྟེང་དུ་ཡི་གེ་བྲིས་།ཁྱིམ་དུ་ལོག་།ཆུ་ལ་ཟམ་པ་བཙུགས་།རྣམ་དབྱེ་གསུམ་པ་བྱེད་སྒྲ་།བྱེད་པ་པོ་དང་བྱེད་པ་གང་རུང་ཞིག་གིས་བྱ་བ་ཅི་ཞིག་བྱེད་པའི་དོན་ཅན་གཙོ་བོར་སྟོན་པའི་ྣམ་དབྱེ་ཞིག་།དཔེར་ན་།ཁོང་གིས་གསུངས་།ཁྱེད་ཀྱིས་བྲིས་།ལུག་གིས་ཟས་།གྲིས་བཅད་།རྣམ་དབྱེ་བཞི་པ་དགོས་ཆེད་།བྱེད་པ་པོ་དང་བྱེད་པ་གང་རུང་ཞིག་གིས་བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པ་ཙམ་མ་ཟད་གཙོ་ཆེར་བྱ་བ་བྱེད་པའི་དམིགས་པ་དང་དགོས་པ་གསལ་སྟོན་བྱས་པ་ཞིག་།༼དགོས་པ་གང་ཞིག་གི་ཆེད་དུ་བྱ་བ་གང་ཞིག་བྱས་པ་།༽དཔེར་ན་།ནད་སེལ་དུ་སྨན་བཏང་།ཡོན་ཏན་སྦྱོང་བར་སློབ་གྲྭར་ཕྱིན་།རྣམ་དབྱེ་ལྔ་པ་འབྱུང་ཁུངས་།དངོས་པོ་གང་ཞིག་གང་ལས་འབྱུང་བའམ་།གང་ཞིག་གང་ལས་བྲལ་བ་།གང་ཞིག་གང་ལས་ལྷུང་བ་སོགས་དོན་སྟོན་པའི་རྣམ་དབྱེ་ཞིག་།དཔེར་ན་།མ་ནས་བུ་བྱུང་།བ་ལས་འོ་མ་།དམ་པའི་ཞལ་ནས་ལེགས་བཤད་བྱུང་།རྣམ་དབྱེ་དྲུག་པ་འབྲེལ་སྒྲ་།གཙོ་ཆེར་མིང་དོན་ཕན་ཚུན་བར་གྱི་འབྲེལ་བ་སྟོན་པའི་རྣམ་དབྱེ་ཞིག་།དཔེར་བརྗོད་།ངའི་དེབ་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除ཕ་ཡུལ་གྱི་མཛེས་ལྗོངས་།ཆུ་ནང་གི་ཉ་མོ་།རྣམ་དབྱེ་བདུན་པ་གནས་གཞི་།རྟེན་གཞི་གང་ཞིག་གི་སྟེང་དུ་བརྟེན་བྱའི་དངོས་པོ་གང་ཞིག་ཡོད་པའམ་གནས་པ་ཙམ་སྟོན་པ་ཞིག་།དཔེར་ན་།ཆུ་ནང་དུ་ཉ་མོ་ཡོད་།ཁོང་ལ་དཔེ་ཆ་མང་།ནང་ལ་མི་ཡོད་།རྣམ་དབྱེ་བརྒྱད་པ་འབོད་སྒྲ་།ཀྱེ་དང་ཀྭ་ཡེ་ཞེས་མིང་དང་འབྲེལ་བའི་འབོད་པ་གསལ་བྱེད་ཀྱི་སྒྲ་སྦྱར་བའི་རྣམ་དབྱེ་ཞིག་།༼འབོད་པ་གསལ་བྱེད་ཀྱི་སྒྲ་ཀྱེ་ཀྭ་ཡེ་ཝ་ཡེ་མ་ཡེ་སོགས་༽དཔེར་བརྗོད་།ཀྱེ་རྒྱལ་པོ་ཆེན་པོ་།ཀྭ་ཡེ་གྲོགས་མཆོག་གསན་དང་།གསུམ་པ་།ཕྲད་གཞན་དབང་ཅན་བཤད་པ་།༼བརྒྱད་༽རྗེས་འཇུག་ལ་བལྟོས་ནས་ཕྲད་སྦྱོར་བ་ན་གཞན་དབང་ཅན་ཞེས་སོ་།༡སླར་བསྡུ་བཤད་པ་།རྩ་བར་།རྗེས་འཇུག་ཡི་གེ་བཅུ་པི་ནི་།མིང་གང་གི་ནི་མཐར་སྦྱར་བ་།དེ་ལ་ཨྰ་ལི་བཞི་པ་སྦྱར་།སླར་བསྡུ་བ་ནི་ཤེས་པར་བྱ་།ལྗོན་དབང་ལས་།གོ་ངོ་དོ་ནོ་བོ་མོ་འོ་།རོ་ལོ་སོ་ཏོ་སླར་བསྡུ་སྟེ་།རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ་།དྲག་ཡོད་ཏོ་དང་མཐའ་མེད་འོ་།གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར་།ཞེས་པ་ལས་།སླར་བསྡུ་ལ་ཕྲད་དངོས་བསྟན་བཅུ་དང་ཤུགས་བསྟན་གཅིག་ཏུ་ངེས་ནས་ཕྲད་བཅུ་གཅིག་ཙམ་ངེས་སོ་།མིང་གི་རྣམ་གྲངས་ལ་སླར་བསྡུ་རྫོགས་ཚིག་ཟླ་སྡུད་གསུམ་ཡོད་སླར་བསྡུ་ཞེས་པ་ནི་སླར་འཆད་རྒྱུའི་དོན་རྣམས་རེ་ཞིག་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུ་ཞེས་དང་།མིང་གི་ཟླ་བོ་སྡུད་པས་ན་ཟླ་སྡུད་ཅེས་།སྐབས་འབབ་ཀྱི་བརྗོད་བྱའི་དོན་དག་རེ་ཞིག་རྫོགས་པར་སྟོན་པས་རྫོགས་ཚིག་ཅེས་སོ་།སྦྱོར་ཚུལ་ནི་རྗེས་འཇུག་རང་འདྲའི་རྗེས་སུ་སྦྱོར་དགོས་པ་དང་ད་དྲག་གི་རྗེས་སུ་ཏོ་སྦྱོར་དགོས་པ་ཡིན་།ག་-གོ་ང་-ངོ་ད་-དོ་ན་-ནོ་བ་-བོ་མ་-མོ་འ་-འོ་ར་-རོ་ལ་-ལོ་ས་-སོ་ད་དྲག་-ཏོ་དོན་གྱི་འཇུག་ཡུལ་གྱི་རྣམ་པ་གཉིས་མིང་གི་རྗེས་སུ་འཇུག་པ་དང་།བྱ་ཚིག་གི་རྗེས་སུ་འཇུག་པ་།དཔེར་ན་།མིང་གི་རྗེས་སུ་འཇུག་པ་།སྟག་གོ་སློབ་ཁང་ངོ་གསེར་རོ་མིའོ་།བྱ་ཚིག་གི་རྗེས་སུ་འཇུག་པ་།བཅག་གོ་བསྒྲིགས་སོ་བཟའ་འོ་བསྟན་ནོ་།༢ལ་དོན་བཤད་པ་།ལྗོན་དབང་ལས་།སུ་ར་རུ་དུ་ན་ལ་ཏུ་།ལ་དོན་རྣམ་པ་བདུན་ཡིན་ཏེ་།རྣམ་དབྱེ་གཉིས་བཞི་བདུན་པ་དང་།དེ་ཉིད་ཚེ་སྐབས་རྣམས་ལ་འཇུག་།ས་སུ་ག་བ་དྲག་མཐར་ཏུ་།ང་ད་ན་མ་ར་ལ་དུ་།འ་དང་མཐའ་མེད་ར་དང་རུ་།ཞེས་པ་ལས་།སུ་ར་རུ་དུ་ན་ལ་ཏུ་བཅས་བདུན་པོ་ནི་ལ་དོན་གྱི་ཕྲད་ཡིན་པ་དང་།དེ་དག་གིས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་།རྣམ་དབྱེ་བཞི་པ་དགོས་ཆེད་།རྣམ་དབྱེ་བདུན་པ་གནས་གཞི་།དེ་ཉིད་།ཚེ་སྐབས་བཅས་དོན་ལྔ་ལ་འཇུག་པ་ཡིན་།སྦྱོར་ཚུལ་ནི་།ས་-སུ་ག་བ་ད་དྲག་-ཏུ་ང་ད་ན་མ་ར་ལ་-དུ་འ་དང་མཐའ་མེད་-ར་རུ་༼ན་ལ་གཉིས་ནི་རྗེས་འཇུག་ལ་བལྟོས་མི་དགོས་།༽འཇུག་ཡུལ་ལྔ་ལས་རྣམ་དབྱེ་གཉིས་བཞི་བདུན་གསུམ་ནི་རྣམ་དབྱེ་སྐབས་སུ་འཆད་ཟིན་པས་སྐབས་འདིར་དེ་ཉིད་དང་ཚེ་སྐབས་གཉིས་འཆད་པར་བྱའོ་།དང་པོ་།དེ་ཉིད་བཤད་པ་།དངོས་པོའི་རང་བཞིན་བརྗོད་པ་གང་ཞིག་།བྱ་བའི་ཡུལ་བྱ་བ་དང་གཉིས་ངོ་བོ་གཅིག་ཏུ་གྲུབ་ཏེ་སོ་སོར་དབྱེ་རྒྱུ་མེད་པ་ཞིག་ལ་བརྗོད་།དཔེར་བརྗོད་།འོད་དུ་འཚེར་།མེ་རུ་འབར་།མཐོ་རུ་ཕྱིན་།ཤིན་ཏུ་སྐྱིད་།སེམས་སུ་འཆར་།གཉིས་པ་།ཚེ་སྐབས་བཤད་པ་།བྱ་བ་གང་ཞིག་བྱེད་པ་དང་འབྲས་བུ་གང་ཞིག་ཐོབ་པའི་དུས་གཙོ་བོར་བསྟན་པ་ཞིག་ཡིན་།དཔེར་བརྗོད་།དགུས་དུས་སུ་གྲང་ངར་ཆེ་།གཞོན་དུས་སུ་སློབ་ལ་འབད་།སྟོན་ཟླ་འབྲིང་པའོ་སྐབས་སུ་སྐར་མ་རི་ཥི་མཐོང་།༣ཨི་ལྡན་།བྱེད་འབྲེལ་གཉིས་ཀྱི་ཕྲད་རྣམས་ནི་དབྱངས་ཨི་དང་ལྡན་པ་ན་ཨི་ལྡན་ཞེས་སོ་།དེ་ལ་དབྱེ་ན་གཉིས་སྟེ་འབྲེལ་སྒྲ་དང་བྱེད་སྒྲ་།དང་པོ་།འབྲེལ་སྒྲ་བཤད་པ་།མིང་དོན་ཕན་ཚུན་བར་གྱི་འབྲེལ་བ་སྟོན་པས་ན་འབྲེལ་སྒྲ་ཞེས་བརྗོད་།ལྗོན་དབང་ལས་།གི་ཀྱི་གྱི་ཡི་འི་ལྔ་པོ་།རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ་།སྦྱོར་ཚུལ་ན་མ་ར་ལ་གྱི་།ད་བ་ས་ཀྱི་ག་ང་གི་།འ་དང་མཐའ་མེད་འི་དང་ཡི་།ཞེས་པ་ལས་།དབྱངས་ཨི་ལྡན་པའི་གི་ཀྱི་གྱི་འི་ཡི་བཅས་ལྔ་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྲད་ཡིན་པ་དང་།རྣམ་དབྱེ་བརྒྱད་ལས་རྣམ་དབྱེ་གསུམ་པ་ཡིན་།སྦྱོར་ཚུལ་ནི་།ན་མ་ར་ལ་-གྱི་ད་བ་ས་-ཀྱི་ག་ང་-གི་འ་དང་མཐའ་མེད་-འི་དང་ཡི་འབྲེལ་སྒྲའི་ནང་གསེས་དབྱེ་བ་བཤད་པ་།༡རྟེན་དང་བརྟེན་པའི་འབྲེལ་བ་།རྟེན་གཞི་འམ་བརྟེན་ཡུལ་གང་རུང་ཞིག་ལ་བརྟེན་པ་པོའམ་བརྟེན་ཆོས་གང་ཞིག་བརྟེན་པའི་འབྲེལ་བ་།དཔེར་བརྗོད་།ཆུ་ནང་གི་ཉ་མོ་།སློབ་ཁང་ནང་གི་སློབ་མ་།དཀར་ཡོལ་ནང་གི་འོ་མ་།༢ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་།ཡན་ལག་ཅན་དང་འབྲེལ་བའི་ཡན་ལག་བར་གྱི་འབྲེལ་བ་།དཔེར་བརྗོད་།ལུས་ཀྱི་ཡན་ལག་།ཁབ་ཀྱི་རྩེ་མོ་།ཐག་པའི་སྣེ་མོ་།མེ་ཏོག་གི་འདབ་མ་།༣ཆ་དང་ཆ་ཅན་གྱི་འབྲེལ་བ་།ཆ་དང་ཆ་ཅན་ནམ་ཆ་ཤས་དང་ཆ་ཤས་ཅན་གྱི་འབྲེལ་བ་སྟེ་སྤྱི་དང་བྱེ་བྲག་གི་འབྲེལ་བ་།དཔེར་བརྗོད་།རྒྱ་མཚོའི་ཆུ་ཐིགས་།ས་ཡི་རྡུལ་།ཆུ་ཡི་ཐིགས་པ་།སྤྲིན་གྱི་དུམ་བུ་།༤བདག་པོ་དང་ཡུལ་༼དངོས་པོའི་༽འབྲེལ་བ་།བདག་པོ་གང་ལ་དབང་བའི་ཡུལ་ལམ་དངོས་པོ་ཕན་ཚུན་བར་གྱི་འབྲེལ་བ་།དཔེར་བརྗོད་།སློབ་མའི་དཔེ་དེབ་།བཀྲིས་ཀྱི་འབྲི་ཤོག་།མེས་རྒྱལ་གྱི་མངའ་ཁོངས་།༥བདག་ཉིད་གཅིག་པའི་འབྲེལ་བ་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除འབྲེལ་གཞི་དང་འབྲེལ་ཆོས་གཉིས་འདི་དང་དེ་ཞེས་དབྱེ་རྒྱུ་མེད་པ་ཞིག་།དཔེར་བརྗོད་།མུན་པའིི་སྨག་།སྐད་ཀྱི་གདངས་།འོ་མའི་བཅུད་།༦ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ་།འདི་ནི་ཁྱད་གཞི་གང་ཞིག་ལ་ཁྱད་ཆོས་གང་ཞིག་ཡོད་པའི་འབྲེལ་བ་སྟོན་པ་།དཔེར་བརྗོད་།མཛངས་མའི་སྙན་དབྱངས་།ལུས་ཀྱི་སྒེག་ཉམས་།རྟ་ཡི་བང་རྩལ་།༧རྒྱུ་དང་འབྲས་བུའི་འབྲེལ་བ་།ཚིག་དོན་སྔ་མ་རྒྱུ་རུ་སོང་བ་དང་ཕྱི་མ་འབྲས་བུར་སོང་བའི་འབྲེལ་བ་བསྟན་པ་ཞིག་།དཔེར་བརྗོད་།གསེར་གྱི་བུམ་པ་།ཤིང་གི་ཟམ་པ་།ཤོག་བུའི་གནམ་གྲུ་།གཉིས་པ་།བྱེད་སྒྲ་བཤད་པ་།བྱེད་པ་པོ་དང་བྱེད་པ་གང་རུང་ཞིག་གིས་བྱ་བ་ཅི་ཞིག་བྱེད་པའི་དོན་ཅན་གཙོ་བོར་སྟོན་པའི་རྣམ་དབྱེ་འམ་ཚིག་ཕྲད་ཞིག་།ལྗོན་དབང་ལས་།དེ་རྣམས་ས་མཐའ་ཅན་ལྔ་ནི་།རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ་།སྦྱོར་ཚུལ་འབྲེལ་སྒྲའི་སྐབས་དང་མཚུངས་།ཞེས་པ་ལས་།གོང་གི་འབྲེལ་སྒྲའི་ཕྲད་ལྔ་པོ་དེ་དག་གི་མཐར་རྗེས་འཇུག་ས་ཡིག་སྦྱར་བས་གིས་ཀྱིས་གྱིས་འིས་ཡིས་ཅེས་བྱེད་སྒྲའི་ཕྲད་དུ་གྲུབ་པ་དང་།རྣམ་དབྱེ་བརྒྱད་ལས་རྣམ་དབྱེ་གསུམ་པ་ཡིན་།སྦྱོར་ཚུལ་ནི་འབྲེལ་སྒྲའི་སྦྱོར་ཚུལ་གཅིག་མཚུངས་ཡིན་།དོན་དུ་འཇུག་ཚུལ་གསུམ་།བྱེད་པ་པོ་ལ་འཇུག་པ་།༼མི་སེམས་ཅན་༽གཙོ་བོ་བྱེད་པ་པོས་བྱ་བ་གང་རུང་ཞིག་བྱས་པ་སྟོན་པ་།དཔེར་བརྗོད་།ང་ཡིས་ཡི་གེ་བྲིས་།ལུག་གིས་རྩ་བཟས་།སྟག་གིས་བསད་།བྱེད་པ་ལ་འཇུག་པ་།༼ལག་ཆ་ཡོ་བྱད་༽བྱེད་པ་སོས་བཀོལ་བའི་ལག་ཆ་དང་ཡོ་བྱད་ཀྱིས་བྱ་བ་བྱས་པ་སྟོན་པ་།དཔེར་བརྗོད་།ས་སྨྱུག་གིས་ཡི་གེ་བྲིས་།ཁ་ཡིས་བཟས་།སོ་ཡིས་བཅད་།བྱེད་པ་པོ་དང་བྱེད་པ་མཉམ་འཇུག་།བྱེད་པ་པོ་དང་བྱེད་པ་མཉམ་དུ་བཀོད་ནས་བྱ་བ་བྱེད་པ་སྟོན་པ་།དཔེར་བརྗོད་།ངས་ས་སྨྱུག་གིས་ཡི་གེ་བྲིས་།ཁོ་པས་སྟ་རེས་ཤིང་བཅད་།དེ་བཞིན་བྱེད་སྒྲ་རྗེས་མཐུན་པ་།བྱེད་སྒྲ་རྒྱུ་མཚན་སྟོན་པ་།བྱེད་སྒྲ་ངང་ཚུལ་སྟོན་པ་བཅས་སོགས་ལ་འཇུག་པའང་ཡོད་།༤རྒྱན་སྡུད་།རྒྱན་གྱི་དབང་དུ་གཉིས་དང་སྡུད་པའི་དབང་དུ་གཅིག་བཅས་ཀྱི་དོན་སྟོན་པས་ན་རྒྱན་སྡུད་ཅེས་།ལྗོན་དབང་ལས་།ཀྱང་ཡང་འང་གསུམ་རྒྱན་སྡུད་དེ་།ག་ད་བ་ས་དྲག་མཐར་ཀྱང་།ང་ན་མ་ར་ལ་མཐར་ཡང་།འ་དང་མཐའ་མེད་འང་དང་ཡང་།ཞེས་པ་ལས་།ཀྱང་ཡང་འང་གསུམ་བཅས་ནི་རྒྱན་སྡུད་ཀྱི་ཕྲད་ཡིན་།དེ་དག་གིས་མཐུན་པའི་ཚིག་རྒྱན་དང་མི་མཐུན་པའི་ཚིག་རྒྱན་།སྡུད་པ་བཅས་དོན་གསུམ་ལ་འཇུག་གོ་།སྦྱོར་ཚུལ་ནི་།ག་ད་བ་ས་ད་དྲག་-ཀྱང་།ང་ན་མ་ར་ལ་-ཡང་།འ་དང་མཐའ་མེད་-འང་དང་ཡང་།མཐུན་པའི་ཚིག་རྒྱན་བཤད་པ་།གཞི་གཅིག་གི་སྟེང་དུ་མཐུན་པའི་ཆོས་གཉིས་སྡུད་ཅིང་།ཁྱད་པར་ཚིག་མཛེས་པར་བྱེད་པ་།དཔེར་བརྗོད་།གདོང་ཡང་དཀར་ལ་སེམས་ཀྱང་བཟང་།ཚིག་ཀྱང་སྙན་ལ་དོན་ཡང་ཟབ་།མི་མཐུན་པའི་ཚིག་རྒྱན་བཤད་པ་།མི་མཐུན་པའི་ཆོས་གཉིས་གཞི་གཅིག་གི་སྟེང་དུ་སྡུད་ཅིང་།ཁྱད་པར་ཚིག་མཛེས་པར་བྱེད་།དཔེར་བརྗོད་།གདོང་ནག་ཀྱང་སེམས་པ་དཀར་།ཚིག་མི་སྙན་ཡང་དོན་ཟབ་།སྡུད་པ་བཤད་པ་།བསྡུ་བྱའི་དོན་གང་ཞིག་དངོས་ཤུགས་གང་རུང་གི་ཐོག་ནས་ཕན་ཚུན་བསྡུ་བར་བྱེད་པ་།དཔེར་བརྗོད་།བླུན་པོས་ཀྱང་ཤེས་།ཚད་མ་རིག་པའང་ཤེས་།དབྱིན་སྐད་ཀྱང་ཤེས་།ཡང་སྒྲ་བསྣན་པའི་དོན་ལ་འཇུག་པ་།དཔེར་བརྗོད་།ཡང་ནས་ཡང་དུ་།ཡང་བསྐྱར་སློབ་སྦྱོང་བྱེད་པ་།སླར་ཡང་ཕྱིན་།༥ལྷག་བཅས་།ཚིག་དོན་སྔ་མའི་བརྗོད་དོན་མ་རྫོགས་པར་བསྟན་བྱའི་ལྷག་མ་འདྲེན་པའི་དོན་དུ་འཇུག་པས་ན་ལྷག་བཅས་ཞེས་བརྗོད་།ལྗོན་དབང་ལས་།ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ་།ན་ར་ལ་ས་དྲག་མཐར་ཏེ་།ད་དེ་ག་ང་བ་མ་འ་།མཐའ་མེད་རྣམས་ས་སྟེ་ཐོབ་།ཞེས་པ་ལས་།ཏེ་དེ་སྟེ་གསུམ་ནི་ལྷག་བཅས་ཀྱི་ཕྲད་ཡིན་པ་དང་།སྦྱོར་ཚུལ་ནི་།བ་ར་ལ་ས་ད་དྲག་-ཏེ་།ད་-དེ་ག་ང་བ་མ་འ་མཐའ་མེད་-སྟེ་།ཏེ་དེ་སྟེ་གསུམ་དོན་ལ་འཇུག་ཚུལ་བཤད་པ་།དེ་ཡང་ལྷག་བཅས་ལ་རྩ་བའི་དབྱེ་བ་གསུམ་མཚམས་སྦྱོར་ལྷག་བཅས་།དམ་བཅའ་ལྷག་བཅས་།གཞན་འདྲེན་ལྷག་བཅས་།མཚམས་སྦྱོར་ལྷག་བཅས་བཤད་པ་།བྱ་བ་སྔ་མའི་འཕྲོར་བྱ་བ་གཞན་ཞིག་མཚམས་སྦྱར་ནས་དེ་དག་ཕན་ཚུན་འབྲེལ་ཆགས་ལུགས་ངེས་ཅན་ཞིག་སྟོན་པ་ལ་གོ་།དེ་ལའང་བྱ་བས་བྱ་བ་འདྲེན་པ་།བྱེད་པས་བྱ་བ་འདྲེན་པ་།ཅིག་ཅར་འདྲེན་པའི་དབྱེ་བ་ཡོད་།དཔེར་བརྗོད་།ལག་པ་བཀྲུས་ཏེ་ཟས་བཟའ་།ཤིང་བཅད་དེ་ཆད་།སྐད་རྒྱབ་ཏེ་བཤད་།དམ་བཅའ་ལྷག་བཅས་བཤད་པ་།ཚིག་སྔ་མའི་དོན་གསལ་བྱེད་དུ་ཚིག་ཕྱི་མ་དྲངས་ནས་ཤེས་བྱའི་གནས་ངེས་པར་སྟོན་པ་།དེ་ལའང་རྒྱུ་མཚན་འདྲེན་པ་།ངེས་ཚིག་འདྲེན་པ་།དབྱེ་བ་འདྲེན་པ་བཅས་གསུམ་ཡོད་།རྒྱུ་མཚན་འདྲེན་པ་།ཚིག་སྔ་མ་སྒྲུབ་ཆེད་དུ་ཚིག་ཕྱི་མ་བཀོད་པ་ཞིག་།དཔེར་བརྗོད་།མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་།ཕ་གིར་ཆུ་ཡོད་དེ་ཆུ་བྱ་ལྡིང་བས་སོ་།ངེས་ཚིག་འདྲེན་པ་།སྔ་མའི་མིང་ཚིག་གང་དེའི་གོ་དོན་ནམ་སྒྲ་བཤད་གང་ཡིན་ཕྱི་མར་གསལ་བར་བྱེད་པ་།དཔེར་བརྗོད་།སངས་རྒྱས་ཏེ་།ཉོན་རྨོངས་པའི་གཉིད་ལས་སངས་ཤིང་ཤེས་བྱའི་བློ་གྲོས་རྒྱས་པའོ་།གཉིས་འཐུང་སྟེ་།ཁ་སྣ་གཉིས་ནས་ཆུ་འཐུང་བའོ་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除དབྱེ་བ་འདྲེན་པ་།དབྱེ་གཞི་གཅིག་ལས་དབྱེ་བའི་རྣམ་གྲངས་དུ་མར་འབྱེད་པ་།དཔེར་བརྗོད་།འདོད་ཡོན་ལྔ་སྟེ་།གཟུགས་སྒྲ་དྲི་རོ་རེག་བྱའོ་།ཕྱོགས་བཞི་སྟེ་།ཤར་ལྷོ་ནུབ་བྱང་ངོ་།གཞན་འདྲེན་ལྷག་བཅས་བཤད་པ་།ཚིག་སྔ་མའི་རྗེས་སུ་ཚིག་ཕྱི་མ་དོན་གཞན་ཞིག་དྲངས་ནས་སྔ་ཕྱི་གཉིས་ཐ་དད་སྟོན་པ་།དཔེར་བརྗོད་།ཁྱེད་ནི་བཤེས་གཉེན་ཏེ་ཁོང་ནི་སློབ་མའོ་།འདི་ན་གསེར་ཏེ་འདི་ན་དངུལ་།༦འབྱེད་སྡུད་།དབྱི་གཞི་གཅིག་ལས་དབྱེ་བའི་རྣམ་གྲངས་དུ་མ་སོ་སོར་འབྱེད་པ་དང་།སྔོན་དུ་དབྱེ་བའི་རྣམ་གྲངས་རྣམས་བསྡུ་གཞི་གཅིག་ཏུ་སྡུད་པའི་དོན་སྟོན་པས་འབྱེད་སྡུད་ཅེས་བརྗོད་།ལྗོན་དབང་ལས་།གམ་ངམ་དམ་ནམ་བམ་མམ་འམ་།རམ་ལམ་སམ་ཏམ་འབྱེད་སྡུད་དེ་།སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས་།ཞེས་པ་ལས་།གམ་ལ་སོགས་པའི་ཕྲད་བཅུ་གཅིག་པོ་ནི་དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་འབྱེད་པ་དང་།བསྡུ་བྱ་དུ་མ་བསྡུ་གཞིག་གཅིག་ལ་སྡུད་པའི་འབྱེད་སྡུད་ཀྱི་ཕྲད་ཡིན་།དེའི་སྦྱོར་ཚུལ་ནི་སླར་བསྡུའི་སྐབས་དང་གཅིག་མཚུངས་ཡིན་ཏེ་རྗེས་འཇུག་རང་འདྲའི་རྗེས་སུ་ཕྲད་དེ་ག་སྦྱོར་དགོས་པ་ཡིན་ནོ་།ག་-གམ་།ང་-ངམ་།ལྟ་བུའོ་།འབྱེད་སྡུད་ཀྱི་ཕྲད་དེ་དག་གིས་འབྱེད་པ་དང་སྡུད་པ་གཉིས་ཀྱི་དོན་ལ་འཇུག་པ་ཙམ་མ་ཟད་ཐེ་ཚོམ་།དྲི་བ་།གདམ་ང་གི་དོན་ལ་འཇུག་པ་ཡོད་དོ་།འབྱེད་པ་བཤད་པ་།དབྱེ་གཞི་གཅིག་ལས་དབྱེ་བ་སོ་སོར་འབྱེད་པའམ་དབྱེ་བ་དུ་མ་འབྱེད་པ་།དཔེར་བརྗོད་།དབང་པོ་ལྔ་ནི་མིག་གམ་རྣའམ་སྣའམ་ལྕེའམ་ལུས་བཅས་སོ་།དུས་གསུམ་ནི་འདས་པའམ་མ་འོངས་སམ་ད་ལྟ་བ་བཅས་སོ་།སྡུད་པ་བཤད་པ་།བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་།དཔེར་བརྗོད་།འདོད་ཆགས་སམ་ཞེ་སྡང་ངམ་གཏི་མུག་གསུམ་ནི་དུག་གསུམ་མོ་།ཐེ་ཚོམ་བཤད་པ་།ཡིན་མིན་མཐའ་གཉིས་མ་ངེས་པར་དོགས་པ་ཟ་བར་སྟོན་པ་།དཔེར་བརྗོད་།བདེན་པ་ཡིན་ནམ་རྫུན་མ་ཡིན་།མངོན་སུམ་ཡིན་ནམ་རྨི་ལམ་ཡིན་།དྲི་བ་བཤད་པ་།བརྗོད་བྱའི་དོན་གསལ་བྱེད་དུ་དྲི་བ་ལ་འཇུག་པ་།དཔེར་བརྗོད་།སློབ་སྦྱོང་ཡག་པོ་བྱས་ཡོད་དམ་།སློབ་ཚན་གྱི་ནང་དོན་ཚང་མ་ཤེས་སོང་ངམ་།གདམ་ང་བཤད་པ་།གདམ་གཉིས་སམ་དུ་མ་ལས་གང་རུང་ཞིག་བདམས་ནས་ངེས་པར་བྱེད་པ་།དཔེར་བརྗོད་།ཆུ་འཐུང་ངམ་ཇ་འཐུང་།ཟས་དགོས་སམ་གོས་དགོས་།འགྲོ་འམ་མི་འགྲོ་།༧འབྱུང་ཁུངས་།དངོས་པོ་གང་ཞིག་གང་ལས་གང་ལས་བྱུང་བ་འམ་།གང་ཞིག་གང་ལས་བྲལ་ཏེ་བྱེ་བའམ་།གང་ཞིག་གང་ལས་ལྷུང་བའམ་།གང་ཞིག་གང་ལས་བབས་པའི་དོན་ཅན་ཏུ་གྱུར་བ་ཞིག་།ལྗོན་དབང་ལས་།ནས་ལས་འབྱུང་ཁུངས་དགར་སྡུད་དེ་།འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས་།རིགས་མཐུན་དགར་ནས་མི་མཐུན་ལས་།སྡུད་ལ་ནས་སྒྲ་ཁོ་ན་འཇུག་།ཞེས་པ་ལས་།ནས་དང་ལས་གཉིས་པོ་ནི་འབྱུང་ཁུངས་ཀྱི་ཕྲད་ཡིན་པ་དང་རྣམ་དབྱེ་བརྒྱད་ལས་རྣམ་དབྱེ་ལྔ་པ་ཡིན་།འབྱུང་ཁུངས་ལ་རྩ་བའི་དབྱེ་བ་གསུམ་ཏེ་།འབྱུང་ཁུངས་དངོས་ལ་འཇུག་པ་།འབྱུང་ཁུངས་ཆ་འདྲ་ལ་འཇུག་པ་།ལས་སྒྲ་རྒྱུ་མཚན་ལ་འཇུག་པ་བཅས་སོ་།དེ་མིན་ནས་ལས་གཉིས་པོ་དགར་བ་དང་སྡུད་པའི་དོན་ལ་འཇུག་པའང་ཡོད་པ་མ་ཟད་ནས་ཀྱི་སྒྲས་མཚམས་སྦྱོར་ལྷག་བཅས་འཇུག་པ་།ལས་ཀྱི་སྒྲས་མི་མཐུན་པའི་རྒྱན་ལ་འཇུག་པ་སོགས་ཀྱི་དབྱེ་བ་འབྱེད་དོ་།སྐབས་འདིར་འབྱུང་ཁུངས་ནི་རྣམ་དབྱེའི་ཁོངས་སུ་གཏོགས་པས་ན་ཚིག་ཕྲད་གཞན་དབང་ཅན་གྱི་གཞིར་བཞག་པ་ཙམ་ལས་རྗེས་འཇུག་ལ་བལྟོས་མི་དགོས་།འབྱུང་ཁུངས་ཀྱི་འཇུག་པ་བཤད་པ་།འབྱུང་ཁུངས་དངོས་བཤད་པ་།འབྱུང་གཞི་དང་འབྱུང་ཆོས་གཉིས་བར་ཐད་ཀར་གྱི་འབྲེལ་བ་ཞིག་གྲུབ་པ་ལྟ་བུའོ་།དཔེར་བརྗོད་།མ་ལས་བུ་།ས་བོན་ལས་མྱུ་གུ་།བཟོ་གྲྭ་ནས་འཕྲུལ་འཁོར་།འབྱུང་ཁུངས་ཆ་འདྲ་བཤད་པ་།འབྱུང་གཞི་དང་འབྱུང་ཆོས་གཉིས་བར་གནས་སྐབས་ཀྱི་འབྱུང་བ་ཙམ་ལས་འབྱུང་བའི་གཞི་དངོས་མིན་པ་བསྟན་པ་།དཔེར་བརྗོད་།རྟ་ལས་ལྷུང་།སྐས་ནས་བབས་།འོ་མ་ལས་ཞོ་།ལས་སྒྲ་རྒྱུ་མཚན་ལ་འཇུག་པ་བཤད་པ་།ཚིག་དོན་སྔ་མའི་རྒྱུ་མཚནལ་བརྟེན་ནས་ཚིག་དོན་ཕྱི་མའི་དོན་གསལ་བ་ཞིག་།དཔེར་བརྗོད་།དུ་བ་ཡོད་པ་ལས་མེ་ཡོད་པ་ཤེས་།ཁ་དོག་ཉིད་ལས་བྲོ་བ་ཤེས་།ནས་ལས་གཉིས་དགར་སྡུད་ལ་འཇུག་ཚུལ་བཤད་པ་།དགར་བ་ལ་འཇུག་པ་བཤད་པ་།༼རིགས་མཐུན་དགར་བ་།རིགས་མི་མཐུན་དགར་བ་།༽རིགས་མཐུན་དགར་བ་།དགར་གཞི་རིགས་མཐུན་པའི་ནང་ནང་དགར་བྱ་བྱེ་བྲག་པ་ཞིག་ལོགས་སུ་ཕྱེ་བ་།དཔེར་བརྗོད་།མིའི་ནང་ནས་ཡིན་ཏན་ཅན་དེ་མཆོག་།སློབ་མའི་ནང་ནས་དོན་གྲུབ་ལེགས་།རིགས་མི་མཐུན་དགར་བ་།འགལ་ཟླར་གྱུར་བའི་དངོས་པོ་ཞིག་མཚུངས་ཆོས་ཡོད་པའི་དངོས་པོ་ཞིག་དང་བསྡུར་ནས་དགར་བ་ཞིག་ཡིན་།དཔེར་བརྗོད་།གཉིད་ཉལ་བ་ལས་སློབ་སྦྱོང་བྱས་ན་དགའ་།མི་ལས་རླང་འཁོར་ཤུགས་ཆེ་།སྡུད་པ་ལ་འཇུག་པ་བཤད་པ་།ཡུལ་དུས་གྲངས་དངོས་གང་རུང་ཞིག་མགོ་གང་ནས་བརྩམས་ཤིང་མཐའ་གང་ལ་ཐུག་པའི་བར་མཚམས་གང་ཡོད་པ་རྣམས་སྡུད་པར་བྱེད་པ་ཞིག་གོ་།དཔེར་བརྗོད་།ལྷ་ས་ནས་པི་ཅིང་བར་།༼ཡུལ་སྡུད་པ་།༽གཅིག་ནས་བརྒྱ་བར་།༼གྲངས་སྡུད་པ་།༽【精品文档】第26页\n精品文档,仅供学习与交流,如有侵权请联系网站删除ཞོགས་པ་ནས་དགོང་མོ་བར་།༼དུས་སྡུད་པ་༽ཞྭ་མོ་ནས་ལྷམ་བར་།༼དངོས་པོ་སྡུད་པ་༽༼ལག་པ་བཀྲུས་ནས་ཟས་ཟ་དང་མིག་གིས་བལྟ་བ་ལས་ལག་པས་ཐུག་མི་ཆོག་ཞེས་པའི་དཔེར་བརྗོད་གཉིས་པོ་ནི་ནས་ལས་མཚམས་སྦྱོར་ལྷག་བཅས་དང་མི་མཐུན་པའི་རྒྱན་ལ་འཇུག་པའང་ཡོད་པ་རྟོགས་དགོས་སོ་།༽༨འབོད་སྒྲ་།གང་ཟག་གང་ཡང་རུང་བའི་མིང་བརྗོད་པའི་ཆེད་དུ་འབོད་པ་གསལ་བྱེད་ཀྱི་སྒྲ་སྦྲར་བ་ཞིག་།ལྗོན་དབངས་ལས་།ཀྱེ་དང་ཀྭ་ཡེ་འབོད་སྒྲ་སྟེ་།ཕལ་ཆེར་མིང་གི་ཏོག་མར་སྦྱོར་།ཞེས་པ་ལས་།ཀྱེ་ཀྭ་ཡེ་ཝྭ་ཡེ་མ་ཡེ་སོགས་ནི་འབོད་པ་གསལ་བྱེད་ཀྱི་སྒྲ་ཡིན་པ་།ཕལ་ཆེ་བ་མིང་གི་ཐོག་མ་ལ་སྦྱོར་བ་དང་།མིང་གི་བར་དང་མཇུག་ལ་འཇུག་པའང་ཡོད་དོ་།འབོད་སྒྲའི་འཇུག་ཡུལ་བཤད་པ་།འབོད་པ་གསལ་བྱེད་ཀྱི་སྒྲ་དེ་དག་ནི་ཡུལ་མཆོག་དམན་བར་མ་གསུམ་ལ་འཇུག་པ་།ཀྱེ་-ཞེ་སའི་ཚིག་སྟེ་།རང་ལས་མཆོག་པའི་ཡུལ་ལ་སྦྱར་བ་།ཀྱེ་ཡབ་ཡུམ་མཆོག་ལ་།ཀྭ་ཡེ་-ཉེ་བའི་ཚིག་སྟེ་།རང་དང་མཉམ་པའི་ཡུལ་ལ་སྦྱར་བ་།ཀྭ་ཡེ་གྲོགས་པོ་གསན་དང་།ཝྭ་ཡེ་-རང་ལས་དམའ་བའམ་དམན་པའི་ཡུལ་ལ་སྦྱར་བ་།ཝྭ་ཡེ་ཕྲུ་གོ་ཚོ་།བཞི་པ་།ཕྲད་རང་དབང་ཅན་བཤད་པ་།༼དྲུག་༽རང་གི་འཇུག་པ་རྗེས་འཇུག་ལ་བལྟོས་མི་དགོས་པས་སོ་།༡ནི་སྒྲ་།གང་ཡང་རུང་བའི་མིང་ཚིག་གི་མཐའ་ན་ནི་སྒྲ་སྦྱར་བས་དགར་བ་དང་།ནན་ཏན་ནམ་ངེས་བཟུང་སོགས་ཀྱི་དོན་སྟོན་པར་འགྱུར་བ་ཡིན་ནོ་།དེ་ནི་དགར་གཞི་གཞན་ལས་ལོགས་སུ་དགར་བ་དང་།བརྣན་པ་ལ་འཇུག་པ་།ངེས་བཟུང་ལ་འཇུག་པ་།ཁ་སྐོང་ལ་འཇུག་པ་།ཚིག་རྒྱན་ལ་འཇུག་པ་སོགས་ཀྱི་དོན་སྟོན་པར་བྱེད་དོ་།དགར་བ་བཤད་པ་།དགར་གཞི་གཅིག་ལས་དགར་བྱ་གཅིག་གམ་དུ་མ་དམིགས་ཀྱིས་བཟུང་ནས་མཆོག་ཏུའམ་།དམན་པ་།ཐ་དད་པ་།ངོ་བོ་མ་འདྲེས་པར་སོ་སོར་བཀར་ནས་ཁྱད་པར་བ་སྟོན་པ་ཞིག་།དཔེར་བརྗོད་།ཡོན་ཏན་ཅན་ནི་མི་ཡི་མཆོག་།བོང་བུ་ནི་བཞོན་པའི་ཐ་མ་ཡིན་།ཕྱུགས་ལས་ནི་ཞིང་ལས་མི་འདྲ་།ནོར་བུ་ནི་རིན་པོ་ཆེའི་བྱེ་བྲག་གོ་།ལྟ་བུའོ་།བརྣན་ན་ལ་འཇུག་པ་བཤད་པ་།དེ་ནི་ཁྱད་ཆོས་སམ་ཡོན་ཏན་།བྱ་བ་ཅི་རིགས་ཤིག་ནི་སྒྲས་ནན་ཏན་བྱས་ནས་མངོན་པ་།དཔེར་བརྗོད་།ཁྱོད་ནི་སྨྲ་མཁས་།གཟུགས་ནི་བཟང་།བློ་ནི་ཆེ་།སློབ་སྦྱོང་ནི་ཡག་།ངེས་བཟུང་ལ་འཇུག་པ་བཤད་པ་།བརྗོད་བྱའི་དོན་གྱིས་དགར་གཞི་གང་ཞིག་དམིགས་སུ་བཟུང་ནས་འབྱེ་བ་འབྱེད་པའི་དོན་སྟོན་པ་འདོད་ན་དགར་གཞི་དེ་རང་ལ་ནི་སྒྲ་སྦྱར་ནས་མཚོན་པར་བྱེད་པ་ཞིག་།དཔེར་བརྗོད་།སྒྲ་རིག་པ་ནི་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་ཞིག་ཡིན་།ཁ་སྐོང་ལ་འཇུག་པ་བཤད་པ་།ཚིག་རྐང་ཕན་ཚུན་གྱི་ཚིག་བར་དོ་མཉམ་པའི་ཆེད་དུ་ནི་སྒྲ་སྦྱར་བ་ཞིག་།དཔེར་བརྗོད་།རི་དྭགས་རྔ་མ་བསྟན་ནས་ནི་།ཁྲེལ་འདས་བོང་བུའི་ཤ་དག་འཚོང་།༢དང་སྒྲ་།མིང་ཚིག་གང་ཡང་རུང་བའི་བར་མཚམས་སུ་འཇུག་པའི་དང་ནི་སྒྲ་དེས་རྒྱུ་མཚན་དང་ཚེ་སྐབས་སོགས་དོན་སྟོན་པས་སོ་།ལྗོན་དབང་ལས་།དང་ནི་སྡུད་འབྱེད་རྒྱུ་མཚན་དང་།ཚེ་སྐབས་གདམས་ངག་ལྔ་ལ་འཇུག་།ཞེས་པ་ལས་།ཚིག་ཕྲད་རང་དབང་ཅན་དང་སྒྲས་སྡུད་པ་དང་འབྱེད་པ་།རྒྱུ་མཚན་།ཚེ་སྐབས་།གདམས་ངག་སོགས་དོན་ལྔ་ལ་འཇུག་པ་ཡིན་།སྡུད་པ་བཤད་པ་།བསྡུ་བྱ་དུ་མ་བསྡུ་གཞིག་གཅིག་ལ་སྡུད་པ་།དཔེར་བརྗོད་།ས་དང་།ཆུ་དང་།མེ་དང་།རླུང་བཅས་ནི་འབྱུང་བ་ཡིན་ནོ་།འབྱེད་པ་བཤད་པ་།དབྱེ་གཞི་གཅིག་ལས་དབྱེ་བའི་རྣམ་གྲངས་དུ་མ་འབྱེད་པ་།དཔེར་བརྗོད་།འབྱུང་བ་བཞི་ནི་།ས་དང་།ཆུ་དང་།མེ་དང་།རླུང་བཅས་སོ་།རྒྱུ་མཚན་བཤད་པ་།ཚིག་དོན་ཕྱི་མའི་བསྒྲུབ་བྱེད་དུ་ཚིག་དོན་སྔ་མར་རྟགས་སམ་རྒྱུ་མཚན་བཀོད་པ་།དཔེར་བརྗོད་།དུ་བ་མཐོང་བ་དང་མེ་ཡོད་པ་ཤེས་།མིག་གིས་མཐོང་བ་དང་སུ་ཡིན་པ་ཤེས་།ཚེ་སྐབས་བཤད་པ་།མིང་མཐའི་པ་བ་སོགས་བཞུགས་པའི་བྱ་ཚིག་གི་མཐར་དང་སྒྲ་སྦྱར་བས་དུས་ཀྱི་དོན་གཙོ་བོ་སྟོན་ནོ་།དཔེར་བརྗོད་།ཉི་མ་ཤར་བ་དང་ལངས་།ཟླ་བ་དང་པོ་སླེབས་པ་དང་ལོ་གསར་བཏང་།གདམས་ངག་བཤད་པ་།གཞན་ལ་ཕན་པའམ་བསླབ་བྱ་སྟོན་པའི་དོན་ལ་འཇུག་།དཔེར་བརྗོད་།སློབ་སྦྱོང་ཡག་པོ་གྱིས་དང་སློབ་མ་ཚོ་།དོན་ཡག་པོ་སེམས་ལ་ཟུངས་དང་།༣དེ་སྒྲ་།ལྗོན་དབང་ལས་།མིང་གི་ཐོག་མའི་དེ་སྒྲ་ནི་།ཐ་སྙད་འདས་མ་ཐག་པ་དང་།རྣམ་གྲངས་གཞན་ཅན་གཉིས་ལ་འཇུག་།ཞེས་པ་ལས་།གང་ཡང་རུང་བའི་མིང་གི་ཐོག་མ་དང་སྐབས་འགར་བར་མཐའ་ལ་སྦྱར་བའི་དེ་སྒྲས་དོན་དགུ་སྟོན་པར་བྱེད་དེ་།ཐ་སྙད་ཀྱི་དབང་དུ་གསུམ་།དངོས་པོའི་དབང་དུ་བཞི་།དུས་ཀྱི་དབང་དུ་གཉིས་།ཐ་སྙད་ཀྱི་དབང་དུ་གསུམ་བཤད་པ་།ཐ་སྙད་འདས་མ་ཐག་མ་།སྔར་བརྗོད་ཟིན་པའི་ཐ་སྙད་ཞིག་ད་ལྟ་བརྗོད་དགོས་ཚེ་ཐ་སྙད་དེ་སླར་ཡང་བརྗོད་མི་དགོས་པར་དེ་སྒྲས་ཚབ་བྱེད་པ་ཞིག་།དཔེར་བརྗོད་།དཔེ་དེབ་དེ་ཡག་པོ་འདུག་།དེ་ནང་དོན་ཡག་།དེ་གོ་བདེ་།དེ་ཁ་གསལ་།ཐ་སྙད་རྣམ་གྲངས་གཞན་ཅན་།བརྗོད་པར་བྱ་བའི་ཐ་སྙད་གང་དེར་དབྱེ་བའི་རྣམ་གྲངས་གང་ཡོད་པ་དེ་སྒྲས་གོ་བ་བྱེད་པ་ཞིག་།དཔེར་བརྗོད་།འདི་ནི་ཉི་མ་སྟེ་།ཚ་ཟེར་ཅན་ཡང་དེ་ཡིན་།རྟ་བདུན་དབང་པོའང་དེ་ཡིན་།ཐ་སྙད་ལྷག་བཅས་།དེ་སྒྲ་དེ་ཉིད་ཐ་སྙད་སྔ་ཕྱིའི་བར་བཞུགས་ནས་མཚམས་སྦྱོར་ལྷག་བཅས་ཀྱི་དོན་སྟོན་པ་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除དཔེར་བརྗོད་།ཤིང་བཅད་དེ་ཆད་།ལག་པ་བཀྲུས་དེ་ཟས་ཟ་།དངོས་པོའི་དབང་དུ་བཞི་བཤད་པ་།བདེན་པའི་དངོས་པོ་།ཆོས་སམ་དངོས་པོ་དོན་དྲང་པོར་སྟོན་པ་།དཔེར་བརྗོད་།དེ་ཀ་རང་རེད་།དེ་བཞིན་ཡིན་ནོ་།གསང་བའི་དངོས་པོ་།གཞན་གྱིས་ཤེས་སུ་མ་འཇུག་པའི་དོན་དངོས་སུ་མི་བརྗོད་པར་དེ་སྒྲས་མཚོན་པར་བྱས་པ་།དཔེར་བརྗོད་།སྐད་ཆ་དེ་གཞན་ལ་མི་ཤོད་།ཅ་ལག་དེ་གཞན་གྱིས་མཐོང་མི་རུང་།བདག་གི་དངོས་པོ་།སྨྲ་བ་པོ་རང་ཉིད་འབྲེལ་བའི་ཆོས་ཤིག་བརྗོད་པ་།དཔེར་བརྗོད་།དངོས་པོ་དེ་ངའི་ཡིན་།ངའི་དེབ་གཉིས་པ་དེ་ཁོ་པར་ཡོད་།གཞན་གྱི་དངོས་པོ་།རང་ལས་རྒྱུད་ཐ་དད་པའི་གང་ཟག་ཕ་རོལ་པོའམ་།ཡང་ན་དེ་དང་འབྲེལ་བའི་དངོས་པོ་གང་རུང་ལ་འཇུག་པ་།དཔེར་བརྗོད་།བོད་ཀྱི་ལུགས་སྲོལ་དེ་ཧ་ཅང་མཐུན་མོང་མ་ཡིན་པ་ཞིག་ཡོད་།དུས་ཀྱི་དབང་དུ་གཉིས་བཤད་པ་།མ་འོངས་པར་འཇུག་པ་།དེ་སྒྲས་དུས་མ་འོངས་པ་སྟོན་པ་ཞིག་།དཔེར་བརྗོད་།སང་ཉིན་གྱི་ཉིན་མོ་དེ་།སློབ་དུས་རྗེས་མ་དེ་ལ་བྲི་ན་འགྲིག་།འདས་པར་འཇུག་པ་།དེ་སྒྲས་དུས་འདས་པ་སྟོན་པ་ཞིག་།དཔེར་བརྗོད་།སློབ་དུས་གོང་མ་དེ་ལ་བྲིས་པ་ཡིན་།ན་ནིང་གི་ལོ་དེ་ལ་ལོ་གསར་སྐྱིད་པོ་བྱུང་།༤སྤྱི་སྒྲ་།གང་ཞེས་པའི་སྤྱི་སྒྲས་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པ་ཙམ་ཞིག་སྟོན་པས་སྤྱི་སྒྲའོ་།ལྗོན་དབང་ལས་།ཅི་ཇི་སུ་གང་སྤྱི་སྒྲ་སྟེ་།ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི་།སྙིད་སྲིད་ལྟར་བཞིན་སྐད་ལ་ཇི་།སུ་ནི་གང་ཟག་གང་ཀུན་ལའོ་།ཞེས་པ་ལྟར་།ཅི་ཇི་སུ་གང་བཞི་པོ་ནི་སྤྱི་སྒྲའི་ཕྲད་ཡིན་པ་དང་།བརྗོད་བྱའི་དོན་གྱི་འཇུག་ཚུལ་ནི་དྲི་བའི་དོན་ལ་ཅི་འཇུག་པ་།དཔེ་དོན་མཚམས་སྦྱོར་བ་ལ་ཇི་འཇུག་པ་།གང་ཟག་ཁོ་ན་ལ་སུ་འཇུག་པ་།སྤྱི་དང་བྱེ་བྲག་གཉིས་ཀར་ཁྱད་པར་མེད་པར་འཇུག་པ་ནི་གང་ངོ་།གང་སྒྲ་འཇུག་ཚུལ་བཤད་པ་།གང་སྒྲ་སྤྱི་ལ་འཇུག་ཚུལ་།བྱེ་བྲག་དམིགས་སུ་མི་འཛིན་པར་རིགས་ཅན་སྤྱི་ལ་ཁྱབ་པ་ཙམ་སྟོན་པ་།དཔེར་བརྗོད་།གདུང་མ་འདེགས་པ་གང་ཡིན་པ་དེ་ནི་ཀ་བ་ཡིན་།གང་ལའང་མ་བཤད་།གང་སྒྲ་བྱེ་བྲག་གམ་དམིགས་སུ་འཛིན་པ་།རིགས་ཅན་སྤྱི་ཙམ་པ་ལས་ཁྱད་པར་བྱེ་བྲག་པ་ཞིག་དམིགས་སུ་བཟུང་ནས་སྟོན་པ་།དཔེར་བརྗོད་།གང་ལ་ཡོན་ཏན་མཆོག་མངའ་བའི་།དཀོན་མཆོག་དེ་ལ་ཕྱག་འཚལ་ལོ་།གང་སྒྲ་འདྲི་བར་འཇུག་ཚུལ་།རང་ངོས་ནས་གནད་དོན་གང་ཞིག་གསལ་བར་ཤེས་པའི་ཆེད་དུ་འདྲི་བ་འདོན་པ་།དཔེར་བརྗོད་།ཁྱོད་གང་དུ་འགྲོ་མཁན་ཡིན་།དངོས་པོ་དེ་གང་དུ་ཡོད་།གང་གི་ཆེད་དུ་ཡིན་།གང་སྒྲ་ཐེ་ཚོམ་ནས་འདྲི་བར་འཇུག་ཚུལ་།གཞན་ལ་འདྲི་བ་འདོན་པ་གང་ཞིག་བྱེད་དགོས་མིན་གྱི་དོགས་པ་ཟ་བ་ཞིག་།དཔེར་བརྗོད་།ངས་བྱ་བ་གང་བྱས་ན་ལེགས་།ཟས་གང་ཟོས་ན་ཕོ་བ་བདེ་།ལྟ་བུའོ་།གང་འདྲ་གདམ་ང་ལ་འཇུག་པ་།གདམ་བྱ་གཉིས་སམ་དུ་མའི་ནང་ནས་གཅིག་འདེམས་པར་བྱེད་པར་སྐུལ་བ་ཞིག་།དཔེར་བརྗོད་།ཟས་འདི་རྣམས་ཀྱི་ནང་ནས་གང་ཟ་།རིག་གནས་ལྔའི་ནང་ནས་གང་སྦྱོང་།ཅི་སྒྲ་འཇུག་ཚུལ་བཤད་པ་།ཅི་སྒྲ་ནི་གཙོ་ཆེར་འདྲི་བའི་དོན་ལ་འཇུག་པ་ཡིན་།དཔེར་བརྗོད་།མིང་ལ་ཅི་ཟེར་།དོན་ཅི་ལ་འོངས་།དོན་ཅི་ཞིག་ཡོད་།ལྟ་བུའོ་།གཞན་ཡང་།ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི་།ཞེས་པ་ལས་།ཅི་---ཞིག་---ཅི་ཞིག་----དྲི་བའམ་ཐེ་ཚོམ་གྱི་དོན་།--བྱ་བ་ཅི་ཞིག་ཡོད་།ཅི་---སྟེ་---ཅི་སྟེ་----མ་ངེས་པའི་དོན་།--ཅི་སྟེ་འབད་པ་བྱས་པ་བྱ་བ་ཀུན་སླ་།ཅི་---སླད་---ཅི་སླད་---དགོས་པ་སྟོན་བྱེད་ལ་འཇུག་པ་།--ཅི་སླད་ཡོང་བ་ཡིན་།ཅི་---འདྲ་---ཅི་འདྲ་---རིགས་མཐུན་པ་ལ་འཇུག་པ་།--ཅི་འདྲ་ཡིན་ཡང་འགྲུབ་ཐུབ་།ཅི་---ཕྱིར་---ཅི་ཕྱིར་---རྒྱུ་མཚན་སྟོན་པ་འཇུག་པ་།--ཅི་ཕྱིར་སློབ་གྲྭར་ཡོང་།ཇི་སྒྲ་འཇུག་ཚུལ་བཤད་པ་།ཇི་སྒྲ་ནི་དཔེ་དོན་མཚམས་སྦྱོར་གྱི་དོན་ལ་འཇུག་པའི་སྤྱི་སྒྲ་ཡིན་།དཔེར་བརྗོད་།ཇི་འདྲ་བ་དེ་འདྲའོ་།ཁོ་ཡིས་ཇི་ལྟར་བཤད་པ་ལྟར་རོ་།གཞན་ཡང་།སྙིད་སྲིད་ལྟར་བཞིན་སྐད་ལ་ཇི་།ཞེས་པ་ལས་།ཇི་---སྙིད་---ཇི་སྙིད་--མང་པོའི་དོན་སྟོན་པ་།སྐད་རིགས་མི་འདྲའི་མི་རིགས་ཇི་སྙིད་ཡོད་།ཇི་---སྲིད་---ཇི་སྲིད་--དུས་མ་འོངས་མཚམས་འཛིན་པ་།-ཇི་སྲིད་བར་དུ་གནས་པ་ཤོག་།ཇི་---ལྟར་---ཇི་ལྟར་--དཔེ་འདྲེན་པ་།--ཇི་---བཞིན་---ཇི་བཞིན་--དཔེ་དོན་མཚམས་སྦྱོར་བ་།--པད་མ་ཇི་བཞིན་མཛེས་།ཇི་---སྐད་---ཇི་སྐད་--སྔར་བཤད་ཟིན་པ་དང་རྗེས་སུ་འཆད་འགྱུར་གཉིས་།-སུ་སྒྲ་འཇུག་ཚུལ་བཤད་པ་།སུ་ནི་གང་ཟག་གང་ཀུན་ལའོ་།ཞེས་པ་ལྟར་སུ་ནི་གང་ཟག་བརྗོད་པའི་སྤྱི་སྒྲ་ཡིན་སྟེ་།དཔེར་བརྗོད་།ཁྱོད་སུ་ཡིན་།སུ་ཡི་དངུལ་རེད་།སྐད་ཆ་དེ་ངས་སུ་ལའང་བཤད་མ་མྱོང་།༥བདག་སྒྲ་།པ་ལ་སོགས་པའི་ཕྲད་དེ་དག་མིང་གང་ཡང་རུང་བ་ཞིག་གི་མཐར་གསར་དུ་སྦྱར་བ་དེས་བདག་པོ་གང་ལ་དབང་བའམ་ཡོད་པར་སྟོན་པའི་ཆ་ནས་བདག་སྒྲའོ་།ལྗོན་དབང་ལས་།ན་རོ་ཡོད་མེད་པ་བ་མ་།བདག་པོའི་སྒྲ་སྟེ་ག་ད་ན་།བ་མ་ས་དང་དྲག་མཐར་པ་།ང་འ་ར་ལ་མཐའ་མེད་ལ་།བདག་སྒྲ་ཡ་གྱུར་བ་དང་ནི་།ཆ་ལ་པ་ཉིད་སྦྱོར་བ་ལེགས་།མིང་མཐའི་པ་བའང་ཕལ་ཆེར་འདྲ་།མ་ནི་ངེས་མེད་སྐབས་དང་སྦྱར་།ཞེས་པ་ལས་།ན་རོ་མི་སྦྱར་བའི་པ་བ་མ་དང་སྦྱར་བའི་པོ་བོ་མོ་བཅས་དྲུག་ནི་བདག་པོའམ་བྱེད་པ་པོ་གསལ་བྱེད་ཀྱི་སྒྲ་ཡིན་ནོ་།དེའི་སྦྱོར་ཚུལ་ནི་།རྗེས་འཇུག་ག་ད་ན་བ་མ་ས་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除ད་དྲག་།-----པ་དང་པོ་སྦྱོར་བ་།དཔེར་ན་།འབྲོག་པ།བཙན་པོ་།བོད་པ་།མཁས་པ་།འཁྱམ་པོ་ལྟ་བུའོ་།རྗེས་འཇུག་ང་འ་ར་ལ་།མཐའ་མེད་།---བདག་སྒྲ་ཡར་གྱུར་བ་དང་ཆ་གྱུར་པ་སྦྱོར་བ་།དཔེར་ན་།རབ་བྱུང་བ་།ལྷ་ས་བ་།ཡིག་སྐྱེལ་བ་།ཚོང་པ་།གར་པ་།གྲྭ་པ་ལྟ་བུའོ་།མ་དང་མོ་གཉིས་ནི་རྗེས་འཇུག་ལ་བལྟོས་མི་དགོས་པ་ཡིན་།མོ་རྟགས་མཚོན་པ་།དཔེར་ན་།ཆང་མ་།དཔའ་མོ་།ཇ་མ་།བདག་མོ་ལྟ་བུའོ་།མིང་མཐའི་པ་བ་མ་དང་པོ་བོ་མོ་མཐའ་དག་བདག་སྒྲ་ལ་མི་འཇུག་སྟེ་།མིང་གི་ཆ་ཤས་སུ་འགྲོ་བ་ཡོད་དོ་།དཔེར་ན་།རྟག་པ་།གྲོད་པ་།རུས་པ་།དགའ་བ་།བུམ་པ་ལྟ་བུའོ་།༼ཅན་ལྡན་མཁན་༽གསུམ་པོས་བདག་སྒྲའི་དོན་ལ་འཇུག་པ་སྟེ་།དཔེར་ན་།ཤེས་ཡོན་ཅན་།བློ་གྲོས་ཅན་།ཤེས་ལྡན་།འབྱོར་ལྡན་།འབྲི་མཁན་ལྟ་བུའོ་།༦དགག་སྒྲ་།དགག་སྒྲའི་ཕྲད་དེ་དག་མིང་གང་ཡང་རུང་བའི་ཐོག་མཐར་སྦྱར་བས་དོན་དེ་མ་ཡིན་པ་དང་མེད་པ་སོགས་ཀྱི་དོན་སྟོན་པར་བྱེད་པས་དགག་སྒྲའོ་།ལྗོན་དབང་ལས་།མ་མི་མིན་མེད་དགག་སྒྲ་སྟེ་།མ་མི་ཐོག་མ་མིན་མེད་མཇུག་།མ་ནི་བར་གྱི་གསལ་བྱེད་ལའང་།ཞེས་པ་ལས་།མ་མི་མིན་མེད་བཞི་པ་ནི་དོན་ཞིག་མ་ཡིན་པ་དང་མེད་པ་སོགས་སྟོན་པའི་དགག་སྒྲའི་ཕྲད་ཡིན་།དེ་དག་ལས་མ་མི་གཉིས་མིང་གི་ཐོག་མར་སྦྱོར་བ་དང་།མིན་མེད་གཉིས་མིང་གི་མཐའ་འམ་མཇུག་ལ་སྦྱོར་བ་ཡིན་།མ་ཡིག་མིང་ཚིག་གི་བར་ལ་འཇུག་པ་བཅས་སོ་།མ་མི་མིང་གི་ཐོག་མར་སྦྱོར་བ་།དཔེར་ན་།མ་མཐོང་།མ་ཡིན་།མ་བཟོས་།མ་ཉན་།མི་བརྗེད་།བྱ་བ་དེ་བྱེད་མིརིགས་།མིན་མེད་མིང་གི་མཐར་སྦྱོར་བ་།དཔེར་ན་།སྐྱོན་མེད་།མི་མེད་།ང་མིན་།ཤུགས་མེད་།དཔའ་བོ་མིན་།རྫུ་མ་མིན་།མ་ཡིག་བར་གྱི་གསལ་བྱེད་ལ་འཇུག་པ་།དཔེར་ན་།ས་མ་འབྲོག་།རྒྱ་མ་བོད་།ཤི་མ་གསོན་།ར་མ་ལུག་།༼མིང་མཐའི་མ་ཡིག་མཐའ་དག་དགག་སྒྲ་མ་ཡིན་པར་མིང་གི་ཆ་ཤས་སུ་འཇུག་པ་ཡོད་།༽དཔེར་ན་།འོ་མ་།སྐར་མ་།རྫ་མ་།ཟ་མ་།གྲོ་མ་ལྟ་བུའོ་།ལྔ་པ་།ཚིག་ཕྲད་བཤད་པ་།ཚིག་ཕྲད་ཀྱི་གོ་དོན་བཤད་པ་།མིང་ཚིག་གཅིག་གམ་དུ་མའི་ཐོག་མཐའ་བར་གསུམ་ཅི་རིགས་སུ་ཕྲད་དེ་སྦྱར་བ་ན་དོན་ཞིག་སྟོན་ལ་།དེ་མ་སྦྱར་ན་སྤྱི་བམ་པ་ཞིག་ལས་དོན་གང་ཡང་མི་སྟོན་པ་ཞིག་ལ་ཟེར་།དཔེར་ན་།རི་དེ་ཆེ་ཞེས་པའི་དཔེར་བརྗོད་ནང་གི་དེ་སྒྲ་ནི་ཚིག་ཕྲད་ཡིན་།དེ་སྒྲ་རི་ཆེ་ཞེས་པའི་ཚིག་དང་ཕྲད་སྐབས་ཆེ་ཡུལ་གྱི་ཡུལ་གང་ཞིག་ཡིན་པ་སྟོན་པའི་ནུས་པ་ལྡན་པ་།དེ་སྒྲ་ཁོ་ནས་དོན་ཅི་ཡང་སྟོན་མི་ཐུབ་པའོ་།མདོར་ན་ཚིག་དང་འཕྲད་ན་དོན་ཞིག་སྟོན་པ་དང་མི་འཕྲད་པ་ཡིན་ན་དོན་གང་ཡང་སྟོན་མི་ཐུབ་པ་ཡིན་།ཚིག་ཕྲད་ཀྱི་བྱེད་ནུས་བཤད་པ་།ཚིག་ཕྲད་ཀྱི་བྱེད་ནུས་གཙོ་བོ་ནི་ཚིག་དོན་གསལ་བར་བྱེད་པ་ཡིན་།དེ་མིན་།ཚིག་གྲོགས་སྦྱར་ནས་དོན་གསལ་བ་བྱེད་པ་།མིང་གི་ཆ་ཤས་སུ་སྦྱར་ནས་བརྗོད་པ་བདེ་བ་སྟོན་པ་།ཚིག་རྒྱན་ལ་སྦྱར་ནས་ཚིག་མཛེས་པར་བྱེད་པ་།ཁ་སྐོང་བའི་ཚིག་ལ་སྦྱར་ནས་སྡེབ་སྦྱོར་འགྲིག་པ་བྱེད་པ་སོགས་ཀྱི་བྱེད་ནུས་ཡོད་།ཚིག་ཕྲད་ཀྱི་དབྱེ་བ་བཤད་པ་།ཚིག་ཕྲད་ལ་རྩ་བའི་དབྱེ་བ་གཉིས་ཏེ་རྗེས་འཇུག་ལ་བལྟོས་དགོས་པའི་ཚིག་ཕྲད་གཞན་དབང་ཅན་དང་།རྗེས་འཇུག་ལ་བལྟོས་མི་དགོས་པའི་ཚིག་ཕྲད་རང་དབང་ཅན་ཞེས་གཉིས་ཡོད་དོ་།ཚིག་ཕྲད་འདུས་མ་ཅན་བཤད་པ་།ཚིག་ཕྲད་འདུས་མ་ཅན་ཞེས་པ་མི་ཚིག་ཕྲད་གཉིས་ཡན་འདུས་ནས་གསར་དུ་ཚིག་ཕྲད་ཅིག་གྲུབ་ལ་གོ་།དེ་ལ་ཚིག་ཕྲད་གཉིས་འདུས་དང་།གསུམ་འདུས་།བཞི་འདུས་སོགས་ཡོད་།དཔེར་ན་།ད་ནི་།ཅོ་ན་།འོན་ཏེ་།གལ་ཏེ་།གལ་ཏེ་ན་།དེ་ལྟ་ན་།ཅི་སྟེ་ལྟ་བུའོ་།ལྔ་པ་།ཚིག་ཕྲད་ཞིང་སོགས་བཤད་པ་།ལྗོན་དབང་ལས་།ཚིག་ཕྲད་ཞིང་སོགས་ང་ན་མ་།འ་དང་ར་ལ་མཐའ་མེད་མཐར་།ཞིང་ཞེས་ཞེའོ་ཞེ་ན་ཞིག་།ག་ད་བ་དང་ད་དྲག་མཐར་།ཅིང་ཅེས་ཅེའོ་ཅེ་ན་ཅིག་།ས་མཐར་དམིགས་བསལ་ཞེས་མ་གཏོགས་།ཤིང་ཤེས་ཤེའོ་ཤེ་ན་འཐོབ་།ཞེས་པ་ལས་།ཚིག་ཕྲད་ཞིང་སོགས་པའི་ཕྲད་དེ་དག་གི་སྦྱོར་ཚུལ་ནི་།ང་ན་མ་འ་མཐའ་མེད་----ཞིང་ཞེས་ཞེའོ་ཞེ་ན་ཞིག་།ག་ད་བ་ད་དྲག་----ཅིང་ཅེས་ཅེའོ་ཅེ་ན་ཅིག་།ས་----ཤིང་ཤེས་ཤེའོ་ཤེ་ན་།༼དམིགས་བསལ་གྱི་སྐབས་སུ་ས་ཡིག་གི་རྗེས་སུ་ཤེས་ཀྱི་ཚབ་ཏུ་ཞེས་འབྲི་དགོས་ན་ཡིན་།དེ་ནི་ཤེས་རིག་ཤེས་དང་ཤེས་བྱའི་ཤེས་སོགས་མ་ནོར་བའི་ཆེད་དུ་ཡིན་ནོ་།༽ཚིག་ཕྲད་ཞིང་སོགས་ཀྱི་འཇུག་ཚུལ་།ཅིང་ཞིང་ཤིང་གི་འཇུག་ཚུལ་།ཆོས་སྔ་ཕྱི་མཚམས་སྦྱོར་བ་དང་བྱ་བ་སྔ་ཕྱི་མཚམས་སྦྱོར་བ་ལ་འཇུག་པ་ཡིན་།དཔེར་བརྗོད་།ཡང་ཤིང་གཡོ་བ་།སྲ་ཞིང་འཐས་པ་།ཡི་གེ་བྲིས་ཤིང་བསྐུར་།ཅེས་ཞེས་གཉིས་ཀྱི་འཇུག་ཚུལ་།ལུང་འདྲེན་པའི་ཚིག་དང་གོང་དུ་བརྗོད་མ་ཐག་པའི་ཚིག་དེ་ངོ་སྤྲོད་བྱེད་པའི་ཕྲད་ཡིན་།དཔེར་བརྗོད་།སོང་ཞེས་བཤད་།བོད་ཅེས་པའི་མིང་བཏགས་།དེབ་ཐེར་དཀར་པོ་ཞེས་པ་ལས་།ཅེའོ་ཞེའོ་ཤེའོ་གསུམ་གྱི་འཇུག་ཚུལ་།ཚིག་ཕྲད་འདི་གསུམ་མིང་ཚིག་གི་མཐར་སྦྱར་ཚེ་འདི་ཞེས་ཟེར་རོ་།འདི་ཞེས་བྱའོ་ཞེས་པའི་དོན་དང་འདྲ་བའོ་།ཅེ་ན་ཞེ་ན་ཤེ་ན་གསུམ་གྱི་འཇུག་ཚུལ་།དྲི་བ་སྟོན་པ་ཙམ་མ་ཟད་ལབ་འདེབས་པའི་ཚིག་འདྲེན་པའི་ཕྲད་ཡིན་།དཔེར་བརྗོད་།གང་ཡིན་ཞེ་ན་དེ་ཡིན་།སུས་ཤེས་ཤེ་ན་ཁོ་པས་ཤེས་།གང་འདྲ་བྱེད་ཅེ་ན་དེ་【精品文档】第26页\n精品文档,仅供学习与交流,如有侵权请联系网站删除ལྟར་བྱེད་དགོས་།ཅིག་ཞིག་ཤིག་གསུམ་གྱི་འཇུག་ཚུལ་།གཞན་ལ་བྱ་བ་བྱེད་དུ་བཅུག་པའི་སྐུལ་ཚིག་།གཞན་གྱི་བྱ་བ་འགོག་པའི་འདོམས་ཚིག་།རང་གི་རེ་འདུན་སྟོན་པའི་སྨོན་ཚིག་བཅས་ཀྱི་དོན་དུ་འཇུག་།དཔེར་བརྗོད་།སྐུལ་ཚིག་།---སོང་ཞིག་།སྡོད་ཅིག་།བྲིས་ཤིག་།འདོམས་ཚིག་---མ་སོང་ཞིག་།མ་སྡོད་ཅིག་།མ་བྲིས་ཤིག་།སྨོན་ཚིག་།---བསམ་དོན་འགྲུབ་པ་གྱུརད་ཅིག་།འབྲས་བཟང་ཐོབ་ཅིག་།དེ་མིན་གང་ཡང་རུང་བའི་དངོས་པོ་ཞིག་གི་དོན་དང་ཕྱོགས་འདྲ་བར་འཇུག་པ་།དཔེར་ན་།གྲོང་ཁྱེར་ཞིག་ལ་འབྱོར་།སློབ་གྲོགས་ཤིག་དང་འཕྲད་།དཔེ་དེབ་ཅིག་ཀློག་།རྒྱུན་སྤྱོད་ཡིག་རིགས་ཀྱི་སྐོར་།བརྡ་ཐོ་བཤད་པ་།བརྡ་ཐོའི་གོ་དོན་།གཏན་འཁེལ་བྱས་ཟིན་པའི་ལས་དོན་ཞིག་འབྲེལ་ཡོད་ལས་ཁུངས་སམ་།མི་སྒེར་ལ་བརྡ་ཐོ་བྱེད་དུ་སྤྱོད་པའི་རྒྱུན་སྤྱོད་ཡིག་རིགས་ཤིག་ཡིན་།བརྡ་ཐོར་ཚང་དགོས་པའི་དོན་ཚན་།༡ཁ་བྱང་།༢དངོས་གཞིའི་ནང་དོན་།༣བརྡ་ཐོ་གཏོང་མཁན་གྱི་མིང་དང་ལོ་ཟླ་ཚེས་གྲངས་།བརྡ་་ཐོའི་དབྱེ་བ་།བཀའ་སློབ་རང་བཞིན་གྱི་བརྡ་ཐོ་།མཆན་བཀོད་མཛུབ་སྟོན་གྱི་བརྡ་ཐོ་།གསལ་བསྒྲགས་རང་བཞིན་གྱི་བརྡ་ཐོ་།ཚོགས་འདུའི་བརྡ་ཐོ་།གོ་གནས་བསྐོད་འཐེན་གྱི་བརྡ་ཐོ་།སྤྱིར་བཏང་གི་བརྡ་ཐོ་།ངོ་སྤྲོད་ཡི་གེ་བཤད་པ་།ངོ་སྤྲོད་ཡི་གེའི་གོ་དོན་།རང་ལས་ཁུངས་སམ་ཚོགས་པའི་མི་དང་ལས་ཁུངས་གཞན་ནམ་མི་སྒེར་བར་ཕན་ཚུན་ལས་དོན་སྐོར་འབྲེལ་གརུག་བྱེད་པ་དང་།གནས་ཚུལ་ཤེས་རྟོགས་བྱེད་པ་།ཚོགས་འདུ་སོགས་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ནང་དུ་ཞུགས་པ་བཅས་ལ་མི་མངགས་གཏོངས་བྱེད་སྐབས་སུ་མཚམས་སྦྱོར་བྱེད་པའི་ཡིག་རིགས་ཤིག་ཡིན་།ངོ་སྤྲོད་ཡི་གེར་ཚང་དགོས་པའི་དོན་ཚན་།༡ཁ་བྱང་།༢ཡི་གེ་འབྲི་ཡུལ་གྱི་ལས་ཁུངས་སམ་འགན་ཁུར་མིའི་མིང་།༣དངོས་གཞིའི་ནང་དོན་།༤ཡི་གེ་འབྲི་མཁན་གྱི་ལས་ཁུངས་སམ་མིའི་མིང་དང་ལོ་ཟླ་ཚེས་གྲངས་།༥ཡི་གེའི་གོ་ཆོད་དུས་ཚོད་།འཕྲིན་ཡིག་བཤད་པ་།འཕྲིན་ཡིག་གི་གོ་དོན་།མི་དང་མིའི་བར་།མི་དང་རྩ་འཛུགས་བར་།རྩ་འཛུགས་དང་རྩ་འཛུགས་བར་ཕན་ཚུན་ཡིག་ཐོག་ནས་འབྲེལ་གཏུག་གིས་བསམ་བློ་བརྗེ་རེས་དང་།སློབ་སྦྱོང་།ལས་དོན་།འཚོ་བ་སོགས་ཀྱི་གནས་ཚུལ་བརྒྱུད་བསྒྲགས་བྱེད་པའི་པར་སྤྱོད་པའི་ཡིག་རིགས་ཤིག་ཡིན་།འཕྲིན་ཡིག་ལ་ཚང་དགོས་པའི་དོན་ཚན་།༡གང་ལ་སྐུར་ཡུལ་གྱི་ཆེ་བ་བརྗོད་པ་།༢འདུད་པ་དང་བཅས་པའི་ཞེ་ས་།༣ཁམས་བདེའི་འདྲི་བ་།༤རང་གི་གནས་ཚུལ་།༥སྐབས་བབ་དོན་དངོས་།༦སླད་ཆར་དགེ་བའི་སྨོན་འདུན་།༧ལོ་ཟླ་ཚེས་གྲངས་དང་རང་མིས་བཅས་སོ་།འཕྲིན་ཡིག་འབྲི་སྐབས་དོ་སྣང་བྱེད་ཡུལ་།འཕྲིན་ཡིག་འབྲི་སྐབས་ཆེ་བརྗོད་དང་།ཞེ་ས་།དཔེ་དོན་སྦྱོར་སྟངས་སོགས་འབྲི་ཡུལ་གྱི་མཐོ་དམན་ལ་གཞིགས་ཏེ་འོས་ཤིང་འཚམས་པ་།རྣ་བར་སྙན་པ་།ཡིད་དུ་འཐད་པ་ཞིག་ཡོང་བ་བྱ་རྒྱུ་ཤིན་ཏུ་གལ་ཆེ་།རེ་འདུན་ཞུ་ཡིག་བཤད་པ་།རེ་འདུན་ཞུ་ཡིག་གི་གོ་དོན་།མི་སྒེར་རམ་ཐུན་མོང་གི་དོན་དག་ཅིག་འབྲེལ་ཡོད་དབུ་ཁྲིད་དང་།རྩ་འཛུགས་སམ་ལས་ཁུངས་སོགས་ལ་རེ་འདུན་ཞུ་དགོས་པའི་སྐབས་སུ་སྤྱོད་པའི་ཆེད་སྤྱོད་ཡིག་རིགས་ཞིག་ལ་ཟེར་།རེ་འདུན་ཞུ་ཡིག་ལ་ཚང་དགོས་པའི་དོན་ཚན་།༡ཁ་བྱང་།༢ཞུ་ཡིག་ཕུལ་ཡུལ་གྱི་མིང་།༣ཞུ་ཡིག་གི་ནང་དོན་།༤ཞུ་ཡིག་འབྲི་མཁན་མིང་།དོ་སྣང་བྱེད་ཡུལ་།གྲོས་ཚོགས་ཟིན་བྲིས་བཤད་པ་།གྲོས་ཚོགས་ཟིན་བྲིས་ཀྱི་གོ་དོན་།ཚོགས་འདུ་འཚོགས་སྐབས་ཟིན་བྲིས་འགོད་མཁན་གྱིས་གྲོས་ཚོགས་ཀྱི་རྩ་བའི་གནས་ཚུལ་ཏེ་།གཏམ་【精品文档】第26页\n精品文档,仅供学习与交流,如有侵权请联系网站删除བཤོད་མཁན་གྱི་མིང་དང་།གཏམ་བཤད་ཀྱི་ནང་དོན་།ཞིབ་འཇུག་དང་གྲོས་བསྡུར་བྱས་པའི་གནད་དོན་།མཐའ་མའི་གྲོས་ཆོད་བཅས་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་འགོད་པར་ཟེར་།གྲོས་ཚོགས་ཟིན་བྲིས་ལ་ཚང་དགོས་པའི་དོན་ཚན་།༡ཁ་བྱང་།༢གྲོས་ཚོགས་ཀྱི་རྩ་བའི་གནས་ཚུལ་།༣གྲོས་ཚོགས་ཀྱི་ནང་དོན་།༤མཇུག་བསྡུ་བ་།གྲོས་ཚོགས་ཟིན་བྲིས་འབྲི་སྐབས་དོ་སྣང་བྱེད་ཡུལ་།༡གྲོས་ཚོགས་ཀྱི་ནང་དོན་ཇི་མ་ཇི་བཞིན་འགོད་པ་ལས་རང་སྣང་གང་ཤར་གྱིས་ཁ་སྣོན་དང་བཟོ་བཅོས་བྱེད་མི་རིགས་།༢བསྐྱར་ཟློས་དང་།རྙོག་གཏམ་།དོན་དག་གལ་ཆེན་དང་འབྲེལ་བ་མེད་པའི་ཚིག་རྣམས་སྤྱིར་བཏང་དུ་ཟིན་ཐོར་མི་འགོད་།གན་རྒྱ་བཤད་པ་།གན་རྒྱའི་གོ་དོན་།ལས་ཁུངས་གཉིས་སམ་ཁ་ཤས་ཡང་ན་ལས་ཁུངས་དང་མི་སྒེར་།མི་སྒེར་ཕན་ཚུན་དབར་ལས་དོན་གང་རུང་ཞིག་ལེགས་པར་བསྒྲུབ་ཕྱིར་དུ་ཕྱོགས་གཉིས་ཀས་གྲོས་མཐུན་བྱུང་བའི་གཞི་འཛིན་བྱེད་དུ་བྲིས་པའི་ཡི་གེ་ལ་ཟེར་།གན་རྒྱར་ཚང་དགོས་པའི་དོན་ཚན་།༡ཁ་བྱང་།༢གན་རྒྱ་འཇོག་མཁན་གྱི་མིང་།༣གན་རྒྱའི་དངོས་གཞིའི་ནང་དོན་།༤གན་རྒྱ་འཇོག་མཁན་གྱི་མིང་དང་འཇོག་པའི་དུས་ཚོད་།གན་རྒྱ་འཇོག་སྐབས་དོ་སྣང་བྱེད་ཡུལ་།༡གན་རྒྱ་མ་འཇོག་འོང་ཕྱོགས་གཉིས་ཀས་གྲོས་མོལ་ལེགས་པོ་བྱེད་དགོས་པ་།གན་རྒྱའི་ནང་དོན་ལ་བརྩི་སྲུང་ནན་པོ་བྱེད་དགོས་པ་ཡིན་།༢གན་རྒྱའི་ནང་འཁོད་པའི་གནད་དོན་ཁག་རྒྱལ་ཁབས་ཀྱི་རྩ་བའི་ཁྲིམས་ལུགས་དང་མཐུན་དགོས་སོ་།༣དངུལ་གྱི་ཁ་གྲངས་འབྲི་དགོས་ཚེ་ངེས་པར་དུ་ཡི་གེའི་ཐོག་གནས་མཚོན་དགོས་།༤སླད་ཕྱིན་གན་རྒྱ་ལ་འགལ་རྐྱེན་མི་ཡོང་བའི་ཆེད་དུ་གནད་དོན་གསལ་པོ་འབྲི་དགོས་པ་དང་།ཕྱོགས་གཉིས་ཀས་མིང་རྟགས་འགོད་དགོས་།འཚམས་འདྲིའི་ཡི་གེ་བཤད་པ་།འཚམས་འདྲིའི་ཡི་གེའི་གོ་དོན་།རྩ་འཛུགས་སམ་མི་སྒེར་གྱི་མིང་ཐོག་ནས་ཕྱོགས་ག་གེ་མོ་ཞིག་ལ་དམིགས་བསལ་གྱི་ལེགས་སྐྱེས་ཕུལ་བའམ་བསམ་ཡུལ་ལས་འདས་པའི་གནས་ཚུལ་བྱུང་བ་ལ་བྱམས་བརྩེའི་འཚམས་འདྲི་ཞུས་ནས་མཛའ་བརྩེའི་སེམས་ཁུར་མཚོན་པ་བྱེད་པའི་ཡིག་རིགས་ལ་གོ་།འཚམས་འདྲིའི་ཡི་གེ་ལ་ཚང་དགོས་པའི་དོན་ཚན་།༡ཁ་བྱང་།༢ཆེ་བརྗོད་།༣དངོས་གཞིའི་ནང་དོན་།༤མཇུག་སྡུད་དང་ལོ་ཟླ་ཚེས་གྲངས་།འཚམས་འདྲིའི་ཡི་གེ་ལ་དོ་སྣང་བྱེད་ཡུལ་།༡འཚམས་འདྲི་ཞུ་ཡུལ་མི་འདྲ་བར་གཞིགས་ཏེ་བྲི་བྱའི་ནང་དོན་གཏན་འཁེལ་བྱེད་དགོས་པ་།༢རྗོད་བྱེད་ཚིག་གི་ཡི་གེ་རེ་རེའི་ཁྲོད་དུ་བློ་མཐུན་བར་གྱི་བརྩེ་དུང་ཟབ་མོས་ཕྱུག་དགོས་།༣རྗོད་བྱེད་ཚིག་སྦྱོར་བབ་ཆགས་ཤིང་གསོན་ཉམས་དོད་པོ་ཞིག་ཡོང་བ་བྱེད་དགོས་སོ་།ཐུགས་རྗེ་ཆེ་ཞུ་བའི་བཤད་པ་།ཐུགས་རྗེ་ཆེ་ཞུ་བའི་ཡི་གེའི་གོ་དོན་།ལས་ཁུངས་སམ་མི་སྒེར་གང་རུང་ཞིག་གིས་རང་ཕྱོགས་ལ་ཐུགས་ཁུར་དང་།རྒྱབ་སྐྱོར་།རོགས་རམ་བཅས་བྱས་པར་ཐུགས་རྗེ་ཆེ་ཞུ་ཕྱིར་བྲིས་པའི་ཡི་གེ་ལ་ཞིག་ལ་གོ་།ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ལ་ཚང་དགོས་པའི་དོན་ཚན་།༡ཁ་བྱང་།༢ཆེ་བརྗོད་།༣དངོས་གཞིའི་ནང་དོན་།༤མཇུག་སྡུད་དང་ལོ་ཟླ་ཚེས་གྲངས་།གསར་འགྱུར་སྟབས་བདེ་འབྲི་ཚུལ་བཤད་པ་།གསར་འགྱུར་གྱི་གོ་དོན་།རགས་པར་བཤད་ན་གནས་སྐབས་ཀྱི་གསར་བྱུང་གནས་ཚུལ་ཇི་མ་ཇི་བཞིན་བརྒྱུད་བསྒྲགས་བྱེད་པའི་ཡིག་རིགས་ཞིག་ལ་གོ་བ་ཡིན་།༼བདེན་པ་ནི་གསར་འགྱུར་གྱི་ཁྱད་ཆོས་གཙོ་བོ་ཡིན་ལ་གསར་འགྱུར་གྱི་བླ་སྲོག་ཀྱང་ཡིན་ནོ་།༽【精品文档】第26页\n精品文档,仅供学习与交流,如有侵权请联系网站删除གསར་འགྱུར་གྱི་དབྱེ་བ་།འབྱུང་སའི་ས་ཁོངས་དང་ཁྱབ་ཁོངས་ནས་དབྱེ་ན་།རྒྱལ་སྤྱིའི་གསར་འགྱུར་།རྒྱལ་ནང་གསར་འགྱུར་།ངོ་བོའི་ཐོག་ནས་དབྱེ་ན་།ཆབ་སྲིད་ཀྱི་གསར་འགྱུར་།དཔལ་འབྱོར་གྱི་གསར་འགྱུར་།ཚན་རིག་སློབ་གསོའི་གསར་འགྱུར་།དམག་དོན་གསར་འགྱུར་།སྤྱི་ཚོགས་ཀྱི་གསར་འགྱུར་།རིག་རྩལ་གསར་འགྱུར་།ལུས་རྩལ་གསར་འགྱུར་།ཚོགས་འདུའི་གསར་འགྱུར་སོགས་ཡོད་།ཁྱད་ཆོས་ཀྱི་ཐོག་ནས་དབྱེ་ན་།དོན་ཆེན་རང་བཞིན་གྱི་གསར་འགྱུར་།སྤྱིར་བཏང་གི་གསར་འགྱུར་།སྣ་གཅིག་རང་བཞིན་གྱི་གསར་འགྱུར་།སྣ་མང་རང་བཞིན་གྱི་གསར་འགྱུར་།བརྗོད་གཞིའི་ཐད་ནས་དབྱེ་ན་།དཔེ་འོས་ཀྱི་གསར་འགྱུར་།ཕྱོགས་བསྡུས་ཀྱི་གསར་འགྱུར་།དཔྱད་གརམ་རང་བཞིན་གྱི་གསར་འགྱུར་།སྐྱོན་བརྗོད་རང་བཞིན་གྱི་གསར་འགྱུར་བཅས་སོ་།སྤེལ་བའི་ཐབས་ཤེས་ཀྱི་ཐོག་ནས་དབྱེ་ན་།ངག་ཐོག་གི་གསར་འགྱུར་།ཡིག་ཐོག་གི་གསར་འགྱུར་།རླུང་འཕྲིན་གྱི་གསར་འགྱུར་།བརྙན་འཕྲིན་གྱི་གསར་འགྱུར་།དྲ་ཐོག་གི་གསར་འགྱུར་བཅས་སོ་།གསར་འགྱུར་འབྲི་སྐབས་དོ་སྣང་བྱེད་ཡུལ་།༡བརྗོད་བྱའི་དོན་མངོན་པར་མཚོན་པ་དང་ཚིག་མདོར་བསྡུས་ཤིང་ཁ་གསལ་གོ་བདེ་བ་ཞིག་དགོས་སོ་།༢ཚིག་ཉུང་དོ་དྲིལ་ཡིཔ་ན་དང་དོན་དངོས་དྲངས་ནས་སྐད་ཆ་བཤོད་དགོས་།༣སྒྲིག་གཞི་ཚག་དམ་ཞིག་གོ་རིམ་ཁ་གསལ་བ་ཞིག་དགོས་།བརྡ་ཁྱབ་བཤད་པ་།བརྡ་ཁྱབ་ཀྱི་གོ་དོན་།ཁེ་ལས་དང་བྱ་གཞག་ཚན་པས་འཛད་སྤྱོད་པ་ལ་ཚོང་ཟོག་ངོ་སྤྲོད་བྱེད་པའམ་ཞབས་ཞུའི་ནང་དོན་དང་།ཡང་ན་སྤྲོ་རྩེད་ཀྱི་རྣམ་གྲངས་མཚམས་སྦྱོར་དང་དྲིལ་བསྒྲགས་བྱ་ཐབས་ཀྱི་ཉེར་སྤྱོད་ཡི་གེ་ཞིག་ཡིན་།བརྡ་ཁྱབ་ལ་ཚང་དགོས་པའི་དོན་ཚན་།༡ཁ་བྱང་།༢ནང་དོན་དངོས་གཞི་།༣མཇུག་བྱང་།བརྡ་ཁྱབ་ཀྱི་དབྱེ་བ་།ནུས་པའི་ཐད་ནས་དབྱེ་ན་།དཔལ་འབྱོར་བརྡ་ཁྱབ་།རིག་གནས་བརྡ་ཁྱབ་།སྤྱི་ཚོགས་བརྡ་ཁྱབ་།ནང་དོན་ཐད་ནས་དབྱེ་ན་།ཚོང་ལས་རང་བཞིན་གྱི་བརྡ་ཁྱབ་།ངལ་ལས་ཀྱི་བརྡ་ཁྱབ་།ལྟ་བའི་བརྡ་ཁྱབ་།འབྲི་སྟངས་ཀྱི་ཐད་ནས་དབྱེ་ན་།མཚམས་སྦྱོར་མདོར་བསྡུས་སྐོར་གྱི་བརྡ་ཁྱབ་།གསལ་བཤད་སྐོར་གྱི་བརྡ་ཁྱབ་།གྲོས་གླེང་སྐོར་གྱི་བརྡ་ཁྱབ་།ངོ་སྤྲོད་སྐོར་གྱི་བརྡ་ཁྱབ་།རྣམ་པའི་ཐད་ནས་དབྱེ་ན་།ཚགས་པར་གྱི་བརྡ་ཁྱབ་།དུསདེབ་ཀྱི་བརྡ་ཁྱབ་།རླུང་འཕྲིན་གྱི་བརྡ་ཁྱབ་།བརྙན་འཕྲིན་གྱི་བརྡ་ཁྱབ་།ལམ་འགེལ་བརྡ་ཁྱབ་།བསྒྲགས་ཡིག་གི་བརྡ་ཁྱབ་།སྦྲག་སྲིད་ཀྱི་བརྡ་ཁྱབ་།བརྡ་ཁྱབ་ཀྱི་ནུས་པ་།༡ཆ་འཕྲིན་སྤེལ་བ་དང་དཔལ་འབྱོར་འཁྲུག་པོ་བཟོ་ཐུབ་།༢འཛད་སྤྱོད་པའི་ལམ་སྟོན་པ་དང་།ཁེ་ལས་སྙན་གྲགས་རྒྱ་ཆེར་སྤེལ་བ་།༣ཕྱི་ཚོང་རྒྱ་ཆེར་བཏང་སྟེ་ཕྱི་དངུལ་གྱི་ཡོང་འབབ་མང་དུ་གཏོང་ཐུབ་།འཆར་གཞི་བཤད་པ་།འཆར་གཞིའི་གོ་དོན་།ང་ཚོས་སློབ་སྦྱོང་དང་ལས་དོན་།ཐོན་སྐྱེད་སོགས་ཀྱི་ལས་འགན་སྒྲུབ་སྐབས་།སྔོན་ལ་ལས་འགན་དེ་ཇི་ལྟར་བསྒྲུབ་རྒྱུའི་བཀོད་སྒྲིག་གམ་སྔོན་རྩིས་ཤིག་ཡོད་དགོས་ཤིང་།དེ་ལྟའི་སྔོན་རྩིས་སམ་བཀོད་སྒྲིག་དེ་ཡིག་ཐོག་ཏུ་བཀོད་པ་འཆར་གཞི་ཟེར་།འཆར་གཞི་ལ་ཚང་དགོས་པའི་དོན་ཚན་།༡ཁ་བྱང་།༢གླེང་གཞི་།༣དངོས་གཞིའི་བང་དོན་།༤མཇུག་བསྡུ་བ་།འཆར་གཞིའི་རྣམ་གྲངས་།དུས་ཚོད་ཀྱི་ཐོག་ནས་དབྱེ་ན་།ལོ་གཅིག་གི་འཆར་གཞི་།ཟླ་གཅིག་གི་འཆར་གཞི་སོགས་ཡོད་པ་།ནང་དོན་གྱི་ཐོག་ནས་དབྱེ་ན་།སློབ་སྦྱོང་གི་འཆར་གཞི་།ལས་དོན་གྱི་འཆར་གཞི་སོགས་ཡོད་།ཁྱབ་ཁོངས་ཀྱི་ཐོག་ནས་དབྱེ་ན་།མི་སྒེར་གྱི་འཆར་གཞི་།འཛིན་གྲྭའི་འཆར་གཞི་སོགས་།མཚོན་ཐབས་ཀྱི་ཐོག་ནས་དབྱེ་ན་།དོན་ཚན་སྒྲིག་པའི་འཆར་གཞི་།རེའུ་མིག་གི་འཆར་གཞི་ལྟ་བུའོ་།འཆར་གཞི་ལ་དོ་སྣང་བྱེད་ཡུལ་།༡གནས་ཚུལ་དངོས་ལ་བསམ་བློ་བཏང་ནས་དོན་དང་མཐུན་པའི་འཆར་གཞི་གཏན་འཁེལ་དགོས་པ་།༢འཆར་གཞིར་བཀོད་པའི་དམིགས་ཚད་དག་དོན་དངོས་སུ་བསྒྲུབ་ཐུབ་པ་དགོས་སོ་།ཕྱོགས་སྡོམ་བཤད་པ་།ཕྱོགས་སྡོམ་གྱི་གོ་དོན་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除ཐུན་མོང་ངམ་མི་སྒེར་གང་རུང་ཞིག་གིས་འདས་ཟིན་པའི་དུས་རིམ་ནང་བསྒྲུབ་པའི་ལས་དོན་ལ་བྱུང་བའི་གྲུབ་འབྲས་དང་ཉམས་མྱོང་སོགས་གང་ཞིག་བྱུང་བ་ལ་ཕྱོགས་སྡོམ་བྱས་ནས་སླད་ཕྱིན་གྱི་ལས་དོན་ལ་མཛུབ་སྟོན་བྱེད་པའི་ཡིག་རིགས་ཞིག་ལ་གོ་།ཕྱོགས་སྡོམ་ལ་ཚང་དགོས་པའི་དོན་ཚན་།༡ཁ་བྱང་།༢གཞུང་དོན་དངོས་།༣མཇུག་བསྡུའི་གཏམ་།ཕྱོགས་སྡོམ་གྱི་རྣམ་གྲངས་།རྒྱ་ཆེ་བའི་གོ་ནས་དབྱེ་ན་།ཁྱོན་ཡོངས་ཀྱི་ཕྱོགས་སྡོམ་།ཆེད་དོན་གྱི་ཕྱོགས་སྡོམ་།བྱེ་བྲག་ཏུ་ངོ་བོའི་ཐོག་ནས་དབྱེ་ན་།སློབ་སྦྱོང་གི་ཕྱོགས་སྡོམ་།བསམ་བློའི་ཕྱོགས་སྡོམ་སོགས་ཡོད་།ཁྱབ་ཁོངས་ཐད་ནས་དབྱེ་ན་།མི་སྒེར་གྱི་ཕྱོགས་སྡོམ་།ཐུན་མོང་གི་ཕྱོགས་སྡོམ་།དུས་བཀག་གི་ཐོག་ནས་དབྱེ་ན་།ལོ་འཁོར་གྱི་ཕྱོགས་སྡོམ་།ལོ་ཕྱེད་ཀྱི་ཕྱོགས་སྡོམ་སོགས་ཡོད་།དང་པོ་།མིང་ཚིག་འགྲེལ་པ་།ལོ་རིམ་བདུན་པའི་སྟོད་ཆའི་མིང་འགྲེལ་།མཐོན་མཐིང་།མདོག་སྔོན་པོའི་དོན་།ཅོད་པན་།རལ་པའི་ཐོར་ཅོག་།སྙེམས་པ་།ཁེངས་དྲེགས་ཀྱི་ཉམས་སྟོན་པ་།གཡུར་ཟ་།འབྲས་བུ་མང་པོ་སྨིན་པའི་དོན་།བཀླུབས་པ་།རྒྱན་བཏགས་པ་དང་གོས་བསྐོན་པའི་དོན་།དཀན་གཟར་།རི་ངོས་གཟར་པོའི་དོན་།བཤུལ་།ལམ་གྱི་མིང་།ལྡེབས་།གྱང་ངམ་བྲག་སོགས་ངོས་ཀྱི་མིང་།མནལ་བ་།ཉལ་བའམ་གཉིད་པའི་དོན་།བསྟི་གནས་།རྒྱུན་དུ་སྡོད་སའི་གནས་ཀྱི་མིང་།འདུ་འགོད་།ཕར་འགྲོ་ཚུར་འོང་བྱེད་པའི་རྣམ་པའི་མིང་།གྱི་ལིང་།རྟ་མཆོག་གི་མིང་།ཕོག་ཐུག་།གཞན་ལ་མི་དགའ་བའམ་ཁོང་ཁྲོ་སློང་བའི་དོན་།ངག་སྒྲོས་།ཤོད་སྲོལ་ལམ་ངག་རྒྱུན་།སྒྲོ་འདོགས་མི་ཆོད་།བརྡར་ཤ་མི་ཆོད་པའི་དོན་།ཐན་ཐུན་།ཐོན་ཆུང་ངུའི་དོན་།གྲགས་སྐམ་།དོན་སྙོང་མེད་པའི་སྙན་གྲགས་།ཤགས་འགྱེད་།རྩོད་པ་རྒྱག་པ་།མེལ་ཚེ་བ་།མཚན་མོ་སོ་ལྟ་བྱེད་མཁན་།ཡེ་།ཐོག་མ་།འདོད་མ་།རྩ་བ་སོགས་ཀྱི་དོན་།འོ་སྐོལ་།ང་ཚོའམ་རང་རེ་།སྙམ་སྙོམ་མི་བྱེད་པ་།དོ་སྣང་མི་བྱེད་པའི་དོན་།འཕྲོ་བཅད་།ཡོངས་སུ་རྫོགས་པའམ་མཚམས་བཞག་པ་།དུལ་བ་།སེམས་རྒྱུད་དང་སྤྱོད་ཚུལ་ཞི་ཞིང་དུལ་བ་།རིམ་གྲོ་བསྐྱེད་།བསྙེན་བཀུར་རམ་ཕན་པ་བསྒྲུབ་པའི་དོན་།རྒྱང་འགོ་།ལྷམ་གོག་རྒྱང་བྱེད་ཀྱི་ཤིང་ལ་གོ་།སྲོག་བསྡོས་།སྲོག་གི་ཉེན་ཁ་མི་འཛེམ་པ་།ཆ་མ་འཚལ་།གསལ་པོར་མི་ཤེས་པའི་དོན་།ཁད་།དལ་བུའམ་ག་ལེར་ཞེས་པའི་དོན་།གཟུར་གནས་།ཕྱོགས་སུ་མ་ལྷུང་པའམ་དྲང་པོར་གནས་པའི་དོན་།བགས་ཀྱིས་།རིམ་གྱིས་ཞེས་པའི་དོན་།མྱ་ངམ་ཐང་།རྩ་ཆུ་མེད་པའི་ཐང་།འཁུས་པ་།གནོད་པའི་བསམ་པ་བཅངས་པའི་དོན་།འཇུག་ངོགས་།ཆུ་བོ་དཛང་གཙང་པོ་སོགས་ཀྱི་རབ་དང་མཚའི་འགྲམ་ངོགས་།ཕུང་པ་།བརླག་པའམ་གནོད་པ་བྱས་པའི་དོན་།ཟད་།ཚར་བའམ་རྫོགས་པའི་དོན་།ནི་གུ་།རྡོག་ཙམ་མམ་ཆུང་ཙམ་གྱི་དོན་།འདེང་།འགྲོ་བའོ་དོན་།རྒལ་མཁན་།རྔོན་པ་ལ་གོ་།བཀྲེས་།ལྟོགས་པའི་མིང་གཞན་།བསླུས་།གཡོ་སྒྱུ་དང་རྫུན་གཏམ་སོགས་ཀྱིས་མགོ་བསྐོར་བའི་དོན་།ཀླན་ཀ་།གཞན་ལ་སུན་འབྱིན་དང་རྩོད་པ་སློང་བ་།ཁོ་ཐག་།གཏན་ལ་ཕབ་པའམ་ཐག་ཆོད་པའི་དོན་།ཆོ་ལོ་།སྔར་གོང་མས་གནང་བའི་དཔོན་པོའི་ཐོབ་ཐང་གི་མིང་།གཅམ་བུ་།གཞན་ལ་ངོ་དགའ་བྱེད་པའི་རྫུན་ཚིག་དང་སྤྱོད་པའི་མིང་།བརྣབ་སེམས་།གཞན་ནོར་རང་ལ་འཐོབ་འདོད་ཀྱི་བསམ་པ་།གཙུག་ལག་།རིག་གནས་ཐམས་ཅད་ཀྱི་མིང་།བརྟོལ་།ཕྱིན་པའམ་སླེབས་པ་།ཡོ་ལང་།དགའ་བ་བསྐྱེད་པའི་ཟང་ཟིང་གི་བྱ་བའི་མིང་།བསྟན་བཅོས་།གཞུང་ལུགས་འཆད་རྩོད་རྩོམ་གྱི་དཔེ་ཆ་།སྲི་ཞུ་།ཞབས་ཕྱི་སྒྲུབ་པའི་དོན་།ལོ་ཙྭ་བ་།ཡིག་སྒྱུར་མཁན་།ལོ་རིམ་བདུན་པའི་སྨད་ཆའི་མིང་འགྲེལ་།ཀུན་གཟིགས་།ཐམས་ཅད་ལ་ལྟ་བའམ་ལྟ་སྐྱོང་ཐུབ་པའི་དོན་།བརྣངས་པ་།མིད་པ་སོགས་འགག་པ་དང་འཚུབ་པ་།བག་འཁུམ་།སྙིང་སྟོབས་ཉམས་པའམ་འཇིགས་པ་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除བྱུར་བུར་གཏམས་།དཔངས་མཐོན་པོ་བྱས་ནས་གང་བའི་དོན་།འགྲོགས་བདེ་གཤིབ་བདེ་།མི་གཞན་དང་འགྲོགས་སླ་བའི་དོན་ལ་གོ་།དུས་བཏབ་པ་།དུས་ཚོད་ཁ་ཆད་བྱས་པ་།ཁོང་དགོད་།སེམས་ཀྱི་གཏིང་ནས་ཤོར་བའི་གད་མོ་།འབྱོར་པོ་།ལུས་ཀྱི་ཤ་སྟོབས་བཟང་བའི་དོན་།ཤགས་འགྱེད་པ་།རྩོད་པ་རྒྱག་པ་།ལེགས་ཚོགས་།ཕན་པ་དང་བདེ་བ་ཇི་སྙིད་པ་།རློམ་སེམས་།ང་རྒྱལ་གྱི་བསམ་པ་དང་རང་ལ་ཡོན་ཏན་མེད་བཞིན་དུ་ཡོད་པར་རློམ་པའི་སེམས་།ཕུང་གསུམ་།ཕྱོགས་གཉིས་སུ་མ་གཏོགས་པའི་ཕྱོགས་གསུམ་པ་།ཀླད་ཆུང་།བློ་རྒྱ་ཆུང་ཆུང་ངམ་ཕུགས་བསམ་མེད་པའི་དོན་།གྱོད་བརྡལ་།མི་གཞན་བསྙོན་བཙུགས་པའམ་ཡ་ལ་དཀྲིས་པ་།རྣམ་དཔྱོད་།ལེགས་ཉེས་དང་ཡིན་མིན་སོགས་དབྱེ་བ་འབྱེད་པའི་བློ་།ཞི་དུལ་།སྤྱོད་ལམ་འཇམ་པའམ་བཟང་བའི་དོན་།སྒོ་སམ་།ནག་པང་།ཁ་ཏ་།སློབ་གསོ་གཏོང་བའི་ཚིག་གི་མིང་།ཐོལ་བྱུང་།གློ་བུར་དུ་བྱུང་བའི་དོན་འདང་རྒྱག་།བསམ་བློ་གཏོང་བའི་དོན་།ལྷུར་ལེན་།སེམས་རྩེ་གཅིག་གིས་དང་དུ་ལེན་པ་།དར་ཅིག་།དུས་ཚོད་ཐུང་ངུའོ་དོན་།བརྟུལ་ཞུགས་།ལུས་ཀྱི་ཆ་བྱད་དང་སྤྱོད་པ་།གཤར་།གཅིག་རྗེས་སུ་གཅིག་འབྲངས་ནས་འགྲོ་བའི་དོན་།ནངས་ཀ་།སང་ཉིན་།རྡིག་།རྒྱུ་ནོར་གྱི་བརྡ་རྙིང་།སོ་མ་།གསར་པ་།རྟིང་སོར་།རྗེས་སུའམ་ཕྱིས་སུ་ཞེས་པའི་དོན་།ར་མདའ་།རོགས་པ་།གཤའ་མ་།རྣམ་དག་གམ་ཡང་དག་།ཕུ་བོ་།གཅེན་པོ་།རང་བཞིན་དམན་།མི་ནུས་མེད་དང་རྒྱུ་དག་མེད་པ་ལྟ་བུ་།རྩུབ་འགྱུར་།སྤྱོད་པ་རྩུབ་ཅིང་འགྱུར་ལྡོག་ཆེ་བའི་དོན་།ཁ་མཆུ་།རྩོད་གླེང་གི་མིང་།བཀུར་སྟི་།བརྩི་འཇོག་བྱེད་པའམ་གུས་བཀུར་བྱེད་པའི་དོན་།མཚང་།ཉེས་པ་དང་སྐྱོན་གྱི་མིང་།མདོ་མེད་།ཕུགས་བསམ་མེད་པའི་དོན་།ཁེངས་སྐྱུང་།ང་རྒྱལ་དོར་བའམ་སྤང་པའི་དོན་།ཕྱག་ཕྱི་།གཡོག་པོའམ་རྗེས་འབྲངས་པའི་དོན་།འབྱོར་འཁོས་།རྒྱུ་སྟོབས་།རྟ་ཟླ་།བོད་ཟླ་དང་པོ་།སྣོད་བཅུད་།ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་།འདུས་བྱས་།རྒྱུ་རྐྱེན་དུ་མ་འདུས་ནས་བྱས་པའམ་གྲུབ་པ་།བྲང་ཁང་།གནས་ཁང་ངམ་སྡོད་ཁང་།ཆོ་འབྲང་།མའི་རིགས་རྒྱུད་།ལོ་རིམ་བརྒྱད་པའི་སྟོད་ཆའི་མིང་འགྲེལ་།གཞལ་ཡས་ཁང་།རྒྱུ་དང་རྒྱ་ཁྱོན་སོགས་ཀྱི་ཡོན་ཏན་འཇལ་མི་ནུས་པའི་ཁང་བཟང་།རྗེས་དཔག་།རྟགས་དང་རྒྱུ་མཚན་ལ་བརྟེན་ནས་གཞལ་བྱ་ལྐོག་འགྱུར་བ་རྟོགས་པ་།བྲིན་།རྒྱུགས་ཆེ་བ་དང་ཉོ་མཁན་མང་བའི་དོན་།ཀྱོ་བ་།ལྕགས་ཀྱུའི་མིང་།གཏམས་།དངོས་རྫས་ཀྱིས་སྣོད་བཀང་བའི་དོན་།རྫུ་བག་།ངོ་མ་ལྟར་བཅོས་པ་།སོམ་ཉི་།ཐེ་ཚོམ་གྱི་དོན་།གཤེད་མ་།སྲོག་གཅོད་མཁན་།བརྡོལ་བ་།གློ་བུར་དུ་བྱུང་བའམ་མང་དུ་བྱུང་བ་།ཟློ་བ་།ཚིག་གཅིག་ཡང་ཡང་བཤད་པའི་དོན་།སྤོ་།རི་བའོ་རྩེ་མོའི་མིང་།ན་བུན་།སྨུག་པ་།ཅོལ་ཆུང་།བློ་རྒྱ་ཆུང་ཆུང་ངམ་སྙིང་པོ་མེད་པའི་དོན་།བལྟམས་པ་།འཁྲུངས་པའི་དོན་།རྨེག་མེད་།གཏན་མེད་དམ་རྩ་མེད་།གཉན་པོ་།བཙན་པོའམ་དྲག་པོའི་དོན་།ཀུ་རེ་།རྩེད་མོ་།མུ་ཏོ་བ་།སློང་མོའམ་སྤྲང་པོའི་དོན་།དམུ་རྒོད་།རྩུབ་སྤྱོད་དང་ཀླ་ཀློའི་མིང་།དཔྱིས་ཕྱིན་པ་།མཐིལ་ཕྱིན་པའམ་མཐར་ཕྱིན་པའི་དོན་།སྡེ་གཟར་།ཟིང་འཁྲུག་གམ་དམག་འཁྲུག་གི་དོན་།ཡིད་གཞུངས་།གཡོ་སྒྱུ་མེད་ཅིང་བླ་རྒྱ་ཡངས་པའི་དོན་།ཕག་ལྟ་།ལྐོག་ལྟ་།བུལ་།མགྱོགས་པའི་ལྡོག་ཟླ་།བརྗིད་སྙེམས་།གཟི་བརྗེད་དང་ཁེངས་དྲེགས་ལ་གོ་དགོས་།ལྡེར་བཟོ་།འཇིམ་ལས་བཟོས་པའི་སྐུ་།སྡུག་གུ་།ཡིད་དུ་འོངས་པ་དང་མཛེས་པ་།བརྗེས་ངས་།མི་དྲན་པའམ་བརྗེད་པའི་སྣང་ཚུལ་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除རྒྱན་པོ་།རྒྱུ་ནོར་སོགས་རྒྱན་དུ་བཞག་ནས་རྒྱག་ཕམ་རྩོད་པའི་རྩེ་མོ་།སྦྲང་ཆང་ལི་མ་།ཆང་གི་ཉིང་ཁུ་ལ་གོ་།བ་དན་།དར་ཆའི་མིང་།ལོ་རིམ་བརྒྱད་པའི་སྨད་ཆའི་མིང་འགྲེལ་།སྙེམས་པ་།ཁེངས་དྲེགས་ཀྱི་རྣམ་པའི་མིང་།དོ་ཟླ་།འགྲན་ཟླ་།བརླང་སྤྱོད་།སྤྱོད་པ་རྩུབ་པོའམ་གཏུམ་པོའི་དོན་།མཆིལ་པ་།ཁང་བྱེའུ་།གོར་མ་ཆག་།ཐེ་ཚོམ་མེད་པའི་དོན་།ཡིད་རྟོན་།ཡིད་ཆེད་ཀྱི་དོན་།བསླུ་བ་།གཡོ་དང་རྫུན་གཏམ་གྱིས་མགོ་སྐོར་གཏོང་བའི་དོན་།ཁྲེལ་འདས་།ངོ་ཚ་དང་བྲལ་བའམ་ངོ་ཚ་མེད་པའི་དོན་།གྲོག་མཁར་།འབུ་གྲོག་མའི་ཚང་།སྙོམ་ལས་།ལས་ཀ་སོགས་བྱེད་སྐབས་བརྩོན་པ་མི་ནུས་པ་།རྒྱགས་།ཁེངས་དྲེགས་ཀྱི་དོན་།རིང་པོར་མི་ཐོགས་།དུས་ཡུན་རིང་པོ་མི་དགོས་པའི་དོན་།གསུང་འབུམ་།རྩོམ་པ་པོས་བརྩམས་པའི་བརྩམ་ཆོས་གལ་ཆེན་ཆ་ཚང་དཔར་བའི་དཔེ་ཆའི་མིང་།འཕྱས་གདགས་པ་།གཞན་ལ་འཕྱ་དམོད་བྱེད་པའམ་སྐྱོན་གདོགས་པ་།གཟབ་གཤར་།བོད་ཡིག་ཡིག་གཟུགས་ཀྱི་རིགས་གཉིས་ཏེ་།གཟབ་ནི་དབུ་ཅན་དང་གཤར་ནི་དབུ་མེད་ཡིན་།པོ་ཏི་།དཔེ་ཆའི་གླེགས་བམ་།ཁ་དབྲག་།རྩ་བ་གཅིག་ནས་ཁ་གཉིས་གསུམ་དུ་གྱེས་པ་།བག་ཚ་།འཇིགས་པ་དང་མཚེར་སྣང་།མངའ་བདག་།ས་དང་མི་ནོར་སོགས་བདག་དབང་བྱེད་མཁན་།བང་ཁ་།རྒྱུག་པའི་རྩལ་།ཚར་དུ་དངར་བ་།གྲལ་འགྲིག་པོ་ཡོད་པའི་དོན་།གཅོང་རོང་།གཡང་ས་དང་ལུང་གྲོག་།ཅིག་ཅར་།ལྷན་དུའམ་མཉམ་དུ་ཞེས་པའི་དོན་།ལྡེབས་།གྱང་ངམ་བྲག་ངོས་ཀྱི་མིང་།སྦས་ལུང་།གསང་བའི་ཡུལ་ལུང་།ཁྲུང་ཞུ་།ཆང་འདྲེན་མཁན་།ཡོངས་འདུའི་ཚལ་།དཔག་བསམ་ཤིང་གི་སྐྱེད་ཚལ་།བརྡབ་གསིག་།འཕྲོག་རྡུང་ངམ་མནར་གཅོད་།ལྷུར་བཞེས་།བློ་སེམས་རྩེ་གཅིག་གིས་དང་ལེན་བྱེད་པའི་དོན་།ལོ་རིམ་དགུ་པའི་སྟོད་ཆའི་མིང་འགྲེལ་།གཤེགས་།སོང་བའི་དོན་།ཤི་བའི་དོན་ལའང་འཇུག་།པུར་རྒྱལ་།སྔར་བོད་ཡུལ་གྱི་མིང་།འབོགས་པ་།གདམས་ངག་དང་ཡོན་ཏན་སོགས་གཞན་ལ་ཁྲིད་པའི་དོན་།གྲོག་སྦུར་།འབུ་སྲིན་།ཞ་ལུ་།ལོ་ཏོག་སོགས་ཀྱི་ཁ་གསར་དུ་འབུས་པའི་མྱུ་གུའི་མིང་།འཇའ་ས་།གོ་ས་དང་གཟེངས་བསྟོད་སོགས་གནང་བའི་ཡི་གེ་།ཞབས་ཏོག་།བསྙེན་བཀུར་རམ་ཞབས་ཕྱི་ཞུས་པའི་དོན་།མཆན་བུ་།གཞུང་དོན་གྱི་ཚིག་འགྲེལ་ཐུང་ངུ་།སྤྱུགས་།གནའ་དུས་ཁྲིམས་དང་འགལ་བའི་མི་ཡུལ་གཞན་དུ་རྒྱང་ཕུད་གཏོང་བའི་དོན་།ཨ་ན་མ་ན་།ཇི་མ་ཇི་བཞིན་ཞེས་པའི་དོན་།མུག་བྱོལ་།མུ་གེ་ལས་གཡོལ་ཆེད་དུ་ས་ཆ་གཞན་དུ་སོང་བའི་དོན་།མཚེར་འཛིན་།འབྲོག་པ་ལ་གོ་།བཅའ་དག་པ་།གྲལ་གྲིག་པོ་དང་།སྙོམ་པོ་།གཙང་མ་།མཛེས་པོ་སོགས་ལ་གོ་།དན་རྟགས་།འཕྱུགས་པ་མེད་པའམ་ཁུངས་སྐྱེལ་ཐུབ་པའི་རྟགས་མཚན་།ཕྱག་མཛོད་།མཛོད་ཁང་དང་རྒྱུ་རྫས་སོགས་ལ་བདག་གཉེར་བྱེད་མཁན་།དམུས་ལོང་།སྐྱེས་མ་ཐག་ནས་མིག་ལོང་བའི་དོན་།ལྷ་རྫས་།ཁ་བཏགས་ཀྱི་མིང་།འདུ་བྱེད་།བྱ་བ་བྱེད་པ་དང་ལས་སྒྲུབ་པའི་དོན་།རྒྱུ་སྤུན་།སྐུད་པ་།བསྲི་ཕང་།སེར་སྣའམ་གཏོང་མི་ཕོད་པའི་དོན་།བང་བ་།འབྲུ་སོགས་ནོར་རྫས་འཇོག་ཡུལ་།ཕྱག་དར་།གད་སྙིགས་།ཆོ་འཕྲུལ་ཟླ་བ་།བོད་ཟླ་དང་པོ་།ཕམ་ཕབ་།ཟས་སོགས་དངོས་རྫས་སམ་ལག་རྟགས་།ཆད་མདོ་།ཁ་ཆད་དམ་ཁས་བླངས་པའི་ཐ་ཚིག་།པད་རྩ་ལི་།མེ་ཏོག་པད་མའི་རྩ་བ་།མཆིང་བུ་།རིན་པོ་ཆེ་བཅོས་མའམ་རྫུས་མའི་དོན་།ནོངས་པ་།འགྱོད་པ་སྐྱེས་པའམ་ངོ་ཚ་བའི་དོན་།གྲོགས་དན་།རོགས་རམ་།ཕྱི་མོ་།ཁུངས་དང་རྩ་བའི་དོན་ལ་གོ་།བསམ་གཏན་།དམིགས་པ་གཅིག་ལ་གཏད་པའི་སེམས་།ལྗན་ལྗིན་།མི་གཙང་བ་འབྱར་བག་ཅན་།གཡའ་བྲལ་བ་།ནག་ནོག་གི་དྲི་མ་དང་བྲལ་བའི་དོན་།ཤུལ་ཐག་།ལམ་ཐག་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除ནེམ་ནུར་།ཐེ་ཚོམ་གྱི་དོན་།ཚལ་པ་།དུམ་པོའི་དོན་ལ་གོ་།ཆུ་ལོན་།ཆུ་རགས་དང་ཟམ་པའི་དོན་།གོར་མ་ཆག་།ཐེ་ཚོམ་མེད་པའི་དོན་།རིང་འགག་།གྲྭ་ཆས་ཕུ་ཐུང་མེད་པ་།མངོན་པའི་ང་རྒྱལ་།ང་ལས་ལྷག་པ་སུ་ཡོད་སྙམ་པའི་ང་རྒྱལ་།ཞི་བར་སྦྱངས་།མེས་ཞུ་བའི་ཐབས་ལ་བརྟེན་ནས་ལྕགས་སོགས་བླངས་པའི་དོན་།གསེར་ཡིག་པ་།གོང་མའི་དྲུང་ཡིག་།ཕྱག་ཕྱི་།གཡོག་པོ་།ཞབས་ཕྱི་ཞེས་པའི་དོན་།རབས་ཆད་།རིགས་རྒྱུད་ཀྱི་རྒྱུན་ཆད་པ་།རྒྱགས་།བཟའ་བཅའི་རིགས་།ལྟང་།ཀོ་བས་གཏུམས་པའི་དོ་པོ་ལ་ཟེར་།ཕག་ཏུ་།ལྐོག་ཏུ་ཞེས་པའི་དོན་།ལྩེབས་།རང་སྲོག་རང་གིས་བཅད་པའི་དོན་།བན་དེ་།གྲྭ་པའམ་བཙུན་པའི་མིང་།བན་བཙུན་།གྲྭ་བཙུན་ཏེ་གྲྭ་པ་དང་བཙུན་མོའི་བསྡུས་མིང་།སྐྱིད་དུ་ཕངས་པ་།སྐྱིད་པོ་བྱུང་ན་མི་དགའ་བའི་དོན་།ཁ་ཕོ་།ཁ་ཤོབ་བམ་སྒྲོབ་བཤད་།གཏང་རག་།གཞན་ལ་བཅོལ་བའི་བྱ་བ་ལེགས་པར་གྲུབ་པར་དྲིན་གསོར་འབུལ་བའི་ཡོན་།གྲོ་ལམ་།ཚ་ཕོགས་སམ་ཇ་འཐུང་ཡུན་ཞིག་གི་ལམ་ཚད་ལ་ཟེར་།ཏབ་ཏོབ་།ཞིབ་བརྟག་མ་བྱས་པར་ལམ་སེང་སྟབས་བདེ་པོ་བྱེད་པ་ལ་ཟེར་།ལྡོམ་བུ་།བསོད་སྙོམས་སམ་སློང་མོ་།སྡིགས་མོ་།འཇིགས་སྣང་སྐུལ་བའི་དོན་།བཤོལ་།ཕྱི་སྣུར་དང་དུས་འགྱངས་བྱས་པའི་དོན་།གཅམ་བུ་།གཞན་ལ་ངོ་དགའ་བྱེད་པའི་ཚིག་དང་སྤྱོད་པའི་མིང་།ཆེ་ཚུགས་།ང་རྒྱལ་ཁེངས་དྲེགས་ཀྱི་ཕྱིའི་རྣམ་པ་།མཉན་པ་།གྲུ་པའི་མིང་།ལྟར་སྣང་།དངོས་གནས་མ་ཡིན་པའམ་ཡང་དག་པ་མ་ཡིན་པའི་དོན་།ལོ་རིམ་དགུ་པའི་སྨད་ཆའི་མིང་འགྲེལ་།བག་ལ་ཞ་བ་།མི་མངོན་པར་གནས་པའམ་མི་མངོན་པར་གྱུར་བ་།ཟ་འོག་གི་བེར་།གོས་ཆེན་གྱི་ཟླ་གམ་།ཞུབ་ཆེན་།གོ་ཁྲབ་གྱོན་པའི་མི་།སྐུ་མཁར་།རྒྱལ་པོ་སྡོད་སའི་མཁར་།བསྡོགས་།གྲ་སྒྲིག་བྱས་པའི་དོན་།རྫུ་བག་།བཅོས་མའམ་རྫུན་གྱི་ཉམས་།ཆམ་མེར་བརྡལ་།ཚོང་ཟོག་ཁྲ་ཟིང་ངེར་བཀྲམ་པའི་རྣམ་པ་ལ་གོ་།ཨ་ཤོ་ཀ་།མྱ་ངན་མེད་པའི་ཤིང་།བརྣག་དཀའ་།བཟོད་དཀའ་བའི་དོན་།བྱེར་།བྲོས་པའི་དོན་།སྙད་།སྐྱོན་དང་ཉེས་པ་སོགས་ཀྱི་མིང་།བཅུམ་པ་།ལུས་བོངས་སོགས་འཁུམས་པའམ་ཇེ་ཆུང་དུ་འགྱུར་བ་།གཅལ་དུ་བཀྲམ་།གོ་རིམ་མེད་པར་ས་ལ་བརྡལ་བའི་དོན་།ཉེར་ལེན་རྒྱུ་།རང་འབྲས་རང་གི་རྫས་རྒྱུན་གཙོ་བོར་སྐྱེད་བྱེད་།པྲི་ཏའི་གྲོང་།ཡི་དྭགས་ཀྱི་ཡུལ་།འགོང་བ་།ཐལ་བའམ་ཚད་ལས་འདས་པའི་དོན་།གཞལ་དུ་མེད་པ་།ཚད་འདི་ཙམ་ཞེས་འཇལ་རྒྱུ་མེད་པ་།བསྙད་།བཤད་པའི་བརྡ་རྙིང་།ནང་བྱན་ཆུད་པ་།ཁོང་དུ་ཆུད་པའམ་རྟོགས་པ་།སོ་མ་།གསར་པའི་དོན་།ཕྱིད་།གྲང་ངར་གྱིས་ལུས་ཀྱི་ཤ་དང་སྐྱེ་དངོས་སོགས་འཁྱགས་ནས་ངོ་བོར་འགྱུར་།གཅན་འཕྲང་།འཕྲང་འགག་གུ་དོག་པོ་ལ་ཟེར་།གཅན་འཕྲང་པ་།འགག་ལམ་སྲུང་མཁན་ལ་གོ་།ཚ་བྲ་དྲངས་།གསོལ་སྟོན་བཤམས་པའི་དོན་།གཉིས་པ་།མངོན་བརྗོད་།འབྱུང་པའི་འཛིན་།ས་གཞི་།འབྱིག་འཛིན་མ་།ས་གཞི་།འཛིན་མ་།ས་གཞི་།གསེར་ལྡན་ལྗོངས་།ས་གཞི་།ནོར་འཛིན་།ས་གཞི་།ནོར་འཛིན་བློ་གྲོས་མ་།ས་གཞི་།ཀུན་གསལ་།ནམ་མཁའ་།ཀུན་གསལ་ལམ་།ནམ་མཁའ་།སྔོ་བསངས་མ་།ནམ་མཁའ་།འཆི་མེད་ལམ་།ནམ་མཁའ་།ལྷ་ལམ་།ནམ་མཁའ་།སུམ་རྩེན་།ལྷ་ཡུལ་།འཆི་མེད་དགའ་ཚལ་།ལྷའི་སྐྱེད་མོས་ཚལ་།སྐབས་གསུམ་།མཐོ་རིས་ལྷའི་གནས་།རྣམ་སད་།ལྷ་།ཡིད་སྲུབས་བདག་པོ་།འདོད་ལྷ་།ལེགས་བྲིས་།ལྷ་།འཇིག་རྟེན་བྱེད་པ་།ལྷ་ཚངས་པ་།མེ་ཀ་ན་།ལྷའི་བུ་མོའམ་གར་མཁན་མ་།གཙུག་ན་ཟླ་བ་།ལྷ་དབང་ཕྱུག【精品文档】第26页\n精品文档,仅供学习与交流,如有侵权请联系网站删除ཚངས་སྲས་མ་།ལྷ་མོ་དབྱངས་ཅན་མ་།ཉི་མའི་གཉེན་།ཤྰཀྱ་ཐུབ་པ་།འཇིག་རྟེན་དབང་ཕྱུག་།སྤྱན་རས་གཟིགས་།ཆུ་ཤེལ་དཀྱིལ་འཁོར་།ཟླ་བ་།ཆུ་འཛིན་།སྤྲིན་པ་།ཆུ་ཁུར་།སྤྲིན་།རྒྱུ་སྐར་རྒྱལ་པོ་།ཟླ་བ་།རི་བོང་འཛིན་།ཟླ་བ་།ཉིན་མོར་བྱེད་།ཉི་མ་།ནོར་བུའི་སྒྲོན་མེ་།ཉི་མ་།དབྱིག་གི་ཁུ་བ་།ཉི་མ་།སྲིད་པའི་སྒྲོན་མེ་།ཉི་མ་།རྔ་གསང་།འབྲུག་སྒྲ་།དབྱར་སྐྱེས་རྔ་།འབྲུག་སྒྲ་།ཆུ་སྐྱེས་།མེ་ཏོག་པད་མ་།འདབ་མ་བརྒྱ་པ་།པད་མ་།ས་མོས་།མེ་ཏོག་ཀུ་མུ་ད་།ཁ་བའི་རྡུལ་བརྩེགས་།གངས་རི་།ས་ལའི་སྨན་ལྗོངས་།བོད་ཡུལ་།ས་འཛིན་།རི་བོ་།ས་འཛིན་དཀར་པོ་།གངས་རི་།དབང་ཕྱོགས་།ཤར་ཕྱོགས་།ཆུ་ལྷ་།ནུབ་ཕྱོགས་།སྤྲིན་གྱི་མེ་ཏོག་།ཆར་པ་།སྤྲིན་གྱི་བཅུད་།ཆར་པ་།དཔྱིད་ཀྱི་ཕོ་ཉ་།ཁུ་བྱུག་།གཞན་གསོས་བུ་།ཁུ་བྱུག་།འབྱུང་པོའི་བྱ་།འུག་པ་།ལྐོག་ཤལ་ཅན་།བ་གླང་།ཁྱུ་མཆོག་།གླང་པོ་ཆེ་།འཁོར་ལོའི་སྣ་ཅན་།ཕག་པ་།མཁའ་ལྡིང་།བྱ་རྒྱལ་ཁྱུང་ཆེན་།འཁོར་ལོའི་ཡན་ལག་།ངང་པ་།མགྲིན་བཟང་།བོང་བུ་།མགྱོགས་འགྲོ་།རྟ་།ཅང་ཤེས་།རྟ་མཆོག་།ཉལ་འགྲོ་།སྦྲུལ་དང་ཆུ་།ལྟོ་འགྲོ་།སྦྲུལ་།སྡེར་ཐོགས་རྒྱལ་པོ་།སེང་གེ་།གདོང་ལྔ་།སེང་གེ་།རྐང་དྲུག་།བུང་བ་།རྣ་རྒྱན་ཅན་།རྨ་བྱ་།གྲང་རེག་འཛིན་པ་།དགུན་ཁ་།རྒྱུད་མངས་།སྒྲ་སྙན་།ཕང་འགྲོ་།སྒྲ་སྙན་།དལ་འགྲོ་མ་།ཆུ་བོ་།དྲི་བཞོན་།རླུང་།སྲེག་ཟ་།མེ་།མཐོང་བྱེད་།མིག་།འདྲེན་བྱེད་།མིག་།གཟུགས་འཛིན་།མིག་།རོ་འཛིན་།ལྕེ་།དྲི་འཛིན་།སྣ་།སྒྲ་འཛིན་།རྣ་།གནམ་ལྕགས་།ཐོག་།དབང་གཞུ་།འཇའ་ཚོན་།འཚོ་བྱེད་།སྨན་པ་།དོན་མཐུན་།ཚོང་པ་།དྲན་དབང་།མཁས་པ་།ཉག་ཕྲན་།མདའ་།གོར་མ་།རྡོ་།རྒྱང་མཐོང་།རྒྱང་ཤེལ་།གསུམ་པ་།རྣམ་གྲངས་ཀྱི་མིང་།ཕྱི་ནང་གཉིས་།ཕྱི་པ་མུ་སྟེགས་པ་།ནང་པ་སངས་རྒྱས་པ་།དོན་གཉིས་།རང་དོན་དང་གཞན་དོན་གཉིས་སོ་།ལུགས་གཉིས་།ལི་ལུགས་པ་དང་ལྡན་ལུགས་པ་།སྲིད་ལུགས་དང་ཆོས་ལུགས་།ས་པན་ཡབ་སྲས་གཉིས་།ས་སྐྱ་པཎ་ཌི་ཏ་ཀུན་དགའ་རྒྱལ་མཚན་།འཕགས་པ་བློ་གྲོས་རྒྱལ་མཚན་།སྐ་ཅོག་རྣམ་གཉིས་།༼གྲ་ཤོད་རྣམ་གཉིས་།༽སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་།དཀར་གསུམ་།ཞོ་།འོ་མ་།མར་གསུམ་།རྟེན་གསུམ་།སྐུའི་རྟེན་སངས་རྒྱས་ཀྱི་གཟུགས་།གསུང་གི་རྟེན་ཆོས་ཀྱི་དཔེ་ཆ་།ཐུགས་ཀྱི་རྟེན་མཆོད་རྟེན་བཅས་གསུམ་།སྐབས་གསུམ་།མཐོ་རིས་ལྷའི་གནས་།དེ་ཡང་སྐྱེ་བ་།གནས་པ་།འཇིག་པ་།སྐ་ཅོག་ཞང་གསུམ་།སྐ་བ་དཔལ་བརྩེགས་།ཅོག་རོ་ཀླུའི་རྒྱལ་མཚན་།ཞང་ཡེ་ཤེས་སྡེ་།སྡེ་སྣོད་གསུམ་།འདུལ་བའི་སྡེ་སྣོད་།མདོ་སྡེའི་སྡེ་སྣོད་།མངོན་པའི་སྡེ་སྣོད་།སྲིད་གསུམ་།ས་འོག་།ས་སྟེང་།ས་བླ་།བོད་ཆོལ་ཁ་གསུམ་།དབུས་གཙང་ཆོས་ཀྱི་ཆོལ་ཁ་།མདོ་སྟོད་མིའི་ཆོལ་ཁ་།མདོ་སྨད་རྟའི་ཆོལ་ཁ་།བོད་ཀྱི་མཁས་པ་མི་གསུམ་།གཡོ་དགེ་བའི་འབྱུང་གནས་།གཙང་རབ་སེལ་།དམར་ཤྰཀྱ་མུ་ནེ་བཅས་སོ་།མཁན་སློབ་ཆོས་གསུམ་།མཁན་ཆེན་ཞི་བ་འཚོ་།སློབ་དཔོན་པདྨ་འབྱུང་གནས་།ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་།ཆོས་རྒྱལ་མེས་དབོན་རྣམ་གསུམ་།སྲོང་བཙན་སྒམ་པོ་།ཁྲི་སྲོང་ལྡེ་བཙན་།མངའ་བདག་ཁྲི་རལ་པ་ཅན་།སྒོ་གསུམ་།ལུས་།ངག་།ཡིད་གསུམ་།སྣོད་ཀྱི་སྐྱོན་གསུམ་།སྣོད་ཁ་སྦུབ་།སྣོད་ཞབས་རྡོལ་།སྣོད་དྲི་མ་ཅན་།ཚད་མ་གསུམ་།མངོན་གསུམ་ཚད་མ་།རྗེས་དཔག་ཚད་མ་།ཡིད་ཆེས་ཀྱི་ཚད་མ་།ཀེར་ལེབ་སྒུར་གསུམ་།ཀེར་ཀེར་མི་།ལེབ་ལེབ་ས་།【精品文档】第26页\n精品文档,仅供学习与交流,如有侵权请联系网站删除སྒུར་སྒུར་ཕྱུགས་གསུམ་།བོད་ཀྱི་རི་ཆེན་བཞི་།ལྕགས་པོ་རི་།ཧས་པོ་རི་།ཆུ་བོ་རི་།གོང་པོ་རི་།འགྱུར་བཞི་།ཞིང་ལས་དེང་རབས་ཅན་།བཟོ་ལས་དེང་རབས་ཅན་།རྒྱལ་སྲུང་དེང་རབས་ཅན་།ཚན་རིག་ལག་རྩལ་དེང་རབས་ཅན་།བོད་ཀྱི་མཚོ་ཆེན་བཞི་།ཡར་འབྲོག་གཡུ་མཚོ་།བྱང་གནམ་མཚོ་།ཨ་མདོ་མཚོ་སྔོན་པོ་།མཚོ་མ་ཕམ་པ་།འབྱུང་བ་བཞི་།ས་།ཆུ་།མེ་།རླུང་།བོད་ཡིག་ཡིག་གཟུགས་དབུ་མེད་བྱེ་བྲག་བཞི་།ཚུགས་ཐུང་།དཔེ་ཚུགས་།འབྲུག་ཚ་།འཁྱུག་ཡིག་།བོད་ཀྱི་པར་ཁང་ཆེན་པོ་བཞི་།སྣར་ཐང་པར་ཁང་།སྡེ་དགེ་པར་ཁང་།ཅོ་ནེ་པར་ཁང་།ཞོལ་པར་ཁང་།སྒྲིབ་པ་ལྔ་།རྒོད་འགྱོད་།གནོད་སེམས་།རྨིགས་གཉིད་།འདོད་ལ་བདུན་པ་།ཐེ་ཚོམ་།འདོད་ཡོན་ལྔ་།གཟུགས་།སྒྲ་།དྲི་།རོ་།རེག་བྱ་།དབང་པོ་ལྔ་།མིག་དབང་།རྣ་དབང་།སྣ་དབང་།ལྕེ་དབང་།ལུས་དབང་།ས་སྐྱ་གོང་མ་ལྔ་།ཀུན་དགའ་སྙིང་པོ་།བསོད་ནམས་རྩེ་མོ་།གྲགས་པ་རྒྱལ་མཚན་།ཀུན་དགའ་རྒྱལ་མཚན་།འཕགས་པ་བློ་གྲོས་རྒྱལ་མཚན་།དོན་ལྔ་།སྙིང་།གློ་བ་།མཆིན་པ་།མཚེར་པ་།མཁལ་མ་།འབྲུ་རིགས་སྣ་ལྔ་།ནས་།འབྲས་།གྲོ་།སྲན་མ་།ཏིལ་།མི་འཛིན་པའི་སྐྱོན་ལྔ་།ཚིག་མི་འཛིན་པ་།དོན་མི་འཛིན་པ་།ལོག་པར་འཛིན་པ་།བརྡ་མ་འཕྲོད་པར་འཛིན་པ་།མ་ལུས་པར་མི་འཛིན་པ་།རོ་དྲུག་།མངར་བ་།སྐྱུར་བ་།ཚ་བ་།ལན་ཚྭ་བ་།ཁ་བ་།བསྐ་བ་།མཛངས་མི་བདུན་།རུ་ལས་སྐྱེས་།ལྷ་བུ་མགོ་དཀར་།མོང་ཁྲི་ངོར་སྣང་བཙན་།ཐོན་མི་སམ་བྷོ་ཊ་།སྙགས་ཁྲི་བཟང་ཡང་སྟོན་།མགོས་ཁྲི་བཟང་ཡབ་ལྷག་།གཉེར་སྟག་བཙན་གདོང་གཟིགས་།རྒྱལ་སྲིད་སྣ་བདུན་།འཁོར་ལོ་རིན་པོ་ཆེ་།ནོར་བུ་རིན་པོ་ཆེ་།བཙུན་མོ་རིན་པོ་ཆེ་།བློན་པོ་རིན་པོ་ཆེ་།གླང་པོ་རིན་པོ་ཆེ་།རྟ་མཆོག་རིན་པོ་ཆེ་།དམག་དཔོན་རིན་པོ་ཆེ་།འཇིག་རྟེན་ཆོས་བརྒྱད་།རྙེད་པ་དང་མ་རྙེད་པ་།སྙན་པ་དང་མི་སྙན་པ་།བསྟོད་པ་དང་སྨད་པ་།བདེ་བ་དང་མི་བདེ་བ་།ཡན་ལག་བརྒྱད་ལྡན་གྱི་ཆུ་།མངར་བ་།བསིལ་བ་།འཇམ་པ་།ཡང་བ་།དྭངས་བ་།གཙང་བ་།མགྲིན་པ་ལ་མི་གནོད་པ་།ལྟོ་བ་ལ་ཕན་པ་།བཀྲིས་རྟགས་བརྒྱད་།དཔལ་བེའུ་།པད་མ་།གདུགས་།དུང་།འཁོར་ལོ་།རྒྱལ་མཚན་།བུམ་པ་།གསེར་ཉ་།བཀྲིས་རྫས་བརྒྱད་།མེ་ལོང་།ཞོ་།རྩ་དུར་བ་།ཤིང་ཏོག་བིལ་བ་།དུང་གཡས་འཁྱིལ་།གི་ཝང་།ལི་ཁྲི་།ཡུངས་དཀར་།ཕྱོགས་བཅུ་།ཤར་ལྷོ་ནུབ་བྱང་བཞི་།དེ་དག་གི་མཚམས་བཞི་།སྟེང་འོག་གཉིས་།【精品文档】第26页

相关文档