• 25.00 KB
  • 2021-06-05 发布

语文+藏文卷·2018届西藏日喀则市南木林高级中学高三上学期第二次月考(2017-10)

  • 5页
  • 当前文档由用户上传发布,收益归属用户
  1. 1、本文档由用户上传,淘文库整理发布,可阅读全部内容。
  2. 2、本文档内容版权归属内容提供方,所产生的收益全部归内容提供方所有。如果您对本文有版权争议,请立即联系网站客服。
  3. 3、本文档由用户上传,本站不保证质量和数量令人满意,可能有诸多瑕疵,付费之前,请仔细阅读内容确认后进行付费下载。
  4. 网站客服QQ:403074932
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་མཐོ་འབྲིང་གི་ ཐེངས་གཉིས་པའི་ ཟླ་རྒྱུགས་བོད་ཡིག་རྒྱུགས་གཞི། གདམ་གསེས་དྲི་གཞི། ‎ ༡ གཤམ་བཀོད་མིང་འགྲེལ་ལས་ཡང་མ་དག་པའི་ཚོ་པ་ནི་༼ ༽‎ ཀ ཅོ་འདྲི་བ་— སྐད་ཆ་དྲིས་པའི་དོན། ཛ་ལང་— ཡ་རབས། སྲས་སྲོས། — ས་སྲོས། ཁ སྒོ་སམ་— ནག་པང་། ས་ཡིག་— མིང་རྟགས། ཝ་ལེ་— གསལ་ལེ། ག ཕྱལ་— གྲོད་པ། ཆོ་ལོ་— ཐོབ་ཐང་། བརྣག་པ་ — བཟོད་པ། ‎ ༢ གཤམ་གསལ་ལས་བྱ་ཚིག་གི་སྒོ་ནས་བཏགས་པའི་མིང་ཡིན་པ་ནི་༼ ༽‎ ཀ རྣམ་གཞག བསླབ་བྱ། བསྒྲུབ་བྱ། ཁ སྲུང་དམག སྒྲུབ་བྱེད། ཆིངས་ཡིག ག ཀློག་དེབ། ཟ་མ། དགྲ་བཅོམ། ‎ ༣ ཟློས་གར་གྱི་ནང་དོན་གཙོ་བོ་གཉིས་ནི་༼ ༽‎ ཀ འགལ་ཐུག་དང་སྐད་ཆ། ཁ མི་སྣའི་སྐད་ཆ་དང་གར་སྟེགས་གསལ་བཤད། ‎ ག ཟློས་གར་གྱི་འགལ་བ་དང་འཚོ་བའི་འགལ་བ། ༤ 《ཤུབས་སུ་འཛུལ་བའི་མི་》ཞེས་པའི་སློབ་ཚན་གྱི་མི་སྣ་གཙོ་བོ་ནི་༼ ༽‎ ཀ པེ་ལེ་ཁོ་ཧྥུ། ཁ ཆི་ཧོ་ཧྥུ། ག མྰ་ཏེ་ཡྰ་ཏི། ‎ ༥ མི་སྣ་ཞིབ་འབྲི་བྱེད་སྐབས་མི་སྣའི་༼ ༽གནད་དུ་བཟུང་ནས་ཞིབ་འབྲི་བྱ་དགོས། ‎ ཀ རང་གཤིས། ཁ སེམས་ཁམས། ག བྱ་བྱེད། ༦ རྩ་བར། ཕོ་ཡིག་དེ་དག་རྣམས་ལ་ཡང་། ། འཇུག་པར་བཅས་པ་མེད་ན་ནི། ། མིང་དང་ཚིག་ཀྱང་གསལ་མི་ནུས། །ཞེས་པའི་དོན་གཙོ་བོ་༼ ༽ ‎ ཀ དབྱངས་ཀྱི་དགོས་པ་བསྟན་པ། ཁ གསལ་བྱེད་ཀྱི་དགོས་པ་བསྟན་པ། ‎ ག རྗེས་འཇུག་གི་དགོས་པ་བསྟན་པ། ‎ ༧ གཤམ་གསལ་ལས་ལྡན་མིན་འདུ་བྱེད་ཀྱི་མཚན་གཞིར་འཇོག་རུང་བ་ནི་༼ ༽‎ ཀ ནམ་མཁའ། ཁ ཤར་ཕྱོགས། ག དད་པ། ༨ བསྟོད་ཡུལ་གྱི་དངོས་པོ་ཞིག་ལ་དངོས་སུ་སྨད་པ་ལྟར་བྱས་ཀྱང་ཤུགས་ལ་དེའི་ཡོན་ཏན་བརྗོད་པར་སོང་བ་ཞིག་ལ་༼ ༽ཟེར། ཀ སྨད་པའི་དཔེ། ཁ ཕུལ་བྱུང་རྒྱན། ག ཟོལ་བསྟོད་རྒྱན། ༩ འཕྲིན་བྱང་རིངས་དང་མ་རིངས་ཞེས་པའི་“རིངས་མ་རིངས་”ཀྱི་དོན་ནི་༼ ༽‎ ཀ ལམ་ཐག་རིང་ཐུང་། ཁ མྱུར་མི་མྱུར་རམ་དལ་བྲེལ། ག ཆེ་ཆུང་གི་དོན། ༡༠ བུ་མོ་གོ་བརྗེས་རྒྱག་པ་དང་ཤུག་གཅིག་ཁྱོ་མང་གི་གཉེན་སྒྲིག་ལུགས་སྲོལ། བུ་ཕྲུག་སྐྱེ་ཚུལ་དང་བུ་རྒྱུད་ལ་འཛིན་པའི་ལྟ་བ་སོགས་མཚོན་པའི་བརྩམས་སྒྲུང་ཡིན་པ་ནི་༼ ༽‎ ཀ 《རི་མགོ་མཐོན་པོའི་ཉི་མ》 ཁ 《རྩྭ་ཐང་གི་ཉིན་ཐོ》 ག 《མགུལ་རྒྱན》‎ ༡༡ ཝ་རྔ་མ་ཤ་ལེར་བྲོས་པ་ལས། སྟག་འཛུམ་དྲུག་ཉི་ལེར་ཤི་ན་དགའ་ཞེས་པའི་ཡང་དག་པའི་མཚོན་དོན་ནི་༼ ༽‎ ཀ ཝ་མོ་ལྟར་གཡོ་སྒྱུ་བྱ་བས་ལས་སྟག་ལྟར་ཤི་ན་དགའ། ཁ དཔའ་ངར་ལྡན་དགོས་པ་ལས་སྡར་མ་བྱ་མི་རུང་བ། ག ཝ་ལྟར་གཡོ་སྒྱུ་བྱ་དགོས་པ་དང་སྟག་ལྟར་མི་སྐྲག་པ་བྱ་དགོས། ༡༢ བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་བྱ་བྱེད་ཀྱི་སྒྲ་ལྷག་མ་བསྡུ་བའི་ཕྱིར་༼ ༽དབྱེ་བ་ཡིན། ཀ བྱ་བྱེད་ལས་གསུམ། ཁ དངོས་པོ་བདག་གཞན། ག དུས་གསུམ་གྱི་དབྱེ་བ། ༡༣ ཁང་པའི་ཀ་བ་ལྟ་བུའི་དཔེར་བརྗོད་ནི་༼ ༽ཡིན། ཀ མིང་ཁོ་ན། ཁ ཚིག་ཁོ་ན། ག མིང་ཚིག་གཉིས་ཀ། ༡༤ ཡུམ་བུ་བླ་མཁར་ནས་རྩ་པོ་ཏ་ལ་ཞེས་པའི་ནས་སྒྲ་ནི་༼ ༽‎ ཀ དགར་བ། ཁ ཡུལ་སྡུད་པ། ག བརྣན་པ། ༡༥ “ར་ལོས་ད་གཟོད་ཁྲིམས་ཁང་ཞེས་པ་བཙན་པོ་གཉའ་གནོན་དང་གཉོམ་ཆུང་མགོན་སྐྱབས་ཤིག་ཡོད་པ་ཤེས་སོང་བ་རེད་”ཅེས་པ་དང་ “ར་ལོས་ད་གཟོད་གཉེན་སྒྲིག་དཔང་ཡིག་ལེན་དགོས་པའི་གལ་ཆེན་རང་བཞིན་གསལ་པོར་ཤེས་”ཞེས་པའི་ཚིག་སྦྱོར་ཁག་གཉིས་ལས་ “ར་ལོ་” ནི་༼ ༽‎ ཀ རང་སྡུག་རང་ཉོ། ཨ་གསར་ལ་འོ་དྲི་དང་སྡོད་ཀྱིན་སྡོད་ཀྱིན་སྐྱག་དྲི། ཁ རང་ཉིད་འཚོ་གནས་བྱེད་སའི་སྤྱི་ཚོགས་ལ་གསལ་ཆ་མེད་པ། ག ར་ལོའི་བསམ་གཞིགས་བྱེད་སྟངས་ནི་དགོད་བྲོ་ལ་ཕྱིན་ཅི་ལོག་པ་ཞིག་ཡིན་པ། ‎ གཉིས་པ། སྟོང་ཆ་ཁ་སྐོང་། ‎ ༡ འདོ་རིགས་རྟ་ཕོས་ཆུ་འཐུང་ན། སྔ་ལྟ་ཞིག་དང་ཕྱི་ལྟ་ཞིག་ ‎ ‎ ‎ ༢ བརྩམས་སྒྲུང་ལ་བརྗོད་བྱ་མཚོན་ཐབས་ཀྱི་སྒོ་ནས་དབྱེ་ན་ དང་ ‎ གཉིས་ཡོད། ༣ རྩོམ་པའི་རྣམ་གཞག་ལ་དབྱེ་ན་ དང་ ‎ ‎ བཅས་ཡོད། ༤ སྐར་ཅུང་རྡོ་རིང་བཙུགས་མཁན་ནི་བོད་ཀྱི་རྒྱལ་པོ་ ཡིན། ‎ ༥ རྡོ་ཕ་བོང་གི་ཡོན་ཏན་ལ་ལྟ་སྟངས་མི་འདྲ་བ་གཉིས་ཡོད་པས་ ‎ དང་ ཡིན། ‎ ༦ སྙན་ངག་ལ་འཇུག་པའི་སྒོ་གསུམ་ནི་ དང་ ‎ ‎ ཡིན། ‎ གསུམ་པ། སྟབས་བདེའི་འདྲི་གཞི། ‎ ༡ དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་པས་ཆོས་གསུམ་བརྩི་དང་། ‎ ༢ ལོག་སྨྲ་ཚར་གཅོད་སྒྲ་དང་ཚད་མའོ་ཞེས་པར་འགྲེལ་དང་། ‎ ༣ རང་མོས་སྙན་རྩོམ་ལ་གཅོད་མཚམས་མེད་ན་སྐྱོན་ཡོད་དམ། རྒྱུ་མཚན་ཅི། ‎ ༤ 《གངས་སེང་ཡོད་མེད་ཀྱི་དཔྱད་པ་》ཞེས་པའི་སློབ་ཚན་ལས་ཁྱེད་ལ་གནས་ལུགས་ཅི་ཞིག་བསྟན་ བྱུང་ངམ། ‎ ༥ ཤིན་ཏུ་མོ་ནི་མཉམ་པས་སོ་ཞེས་པ་དང་ཤིན་ཏུ་མོ་ནི་མཉམ་ཕྱིར་རོ་ཞེས་པས་མཉམ་གཉིས་ཀྱི་ ཁྱད་པར་དང་དུས་གསུམ་གྱི་རྣམ་གཞག་ལས་གང་བསྟན་ནམ། ‎ བཞི་པ། ལྟཀློག་དབྱེ་ཞིབ། ‎ ‎ ཕྱིང་ཞྭ་གྱོན་པས་བོད་མ་རེད་ཟེར་བ་ལ་འདི་ལྟར། ཕྱིང་ཞྭ་ནི་བོད་སྤྱིའི་ལུགས་ཡིན་ཏེ། ལྷ་རྨ་ཆེན་གྱི་སྐུ་ཕྱིང་ཞྭ་ཅན་བཟོ་བ་ནི། བོད་རང་གི་ཆ་ལུགས་ཡིན་པར་《དེབ་ཐེར་དཀར་པོ་》ལས་བཤད། ‎ འབྲོག་པས་ཕྱིང་ཞྭ་མགོ་མདུང་གྱོན་པ་དང་། རོང་པས་ཕྱིང་ཞྭ་ཟླུམ་པོ་མཐའ་ཤན་ཅན་གྱོན་པ་རེད། དྭགས་པོའི་ཞྭ་དང་འདྲ་བ་གྱོན་མཁན་སྔར་དམུ་དགེ་དང་ཏ་ཁོག་སོགས་ལ་ཡོད་པ་མ་ཟད། དབུས་ཀྱི་དྭགས་པོས་ཀྱང་ཕྱིང་ཞྭ་དེ་ལྟ་བུ་གྱོན་པ་རེད། ཞྭ་ཐོག་ཏུ་བྱ་སྒྲོ་འཛུགས་པས་བོད་མ་རེད་ཟེར། ཞྭ་ཐོག་ཏུ་བྱ་སྒྲོ་འཛུགས་པའང་བོད་ཀྱི་ལུགས་ཡིན་ཏེ། སློབ་དཔོན་པདྨའི་དབུ་ཞྭ་བྱ་སྒྲོ་ཅན་གྱོན་པའི་སྐུ་འབྲི་བའང་བོད་རང་གི་ལུགས་ལྟར་བྲིས་པ་དང་། གླིང་སེང་ཆེན་གྱི་སྐུ་འབྲི་ཚེ་བྱ་སྒྲོ་ཅན་གྱི་ཞྭ་གྱོན་འབྲི་བ་དང་། སྐུ་རྟེན་དང་ལྷ་པའི་རྨོག་ཞྭའི་ཐོག་ཏུ་བྱ་སྒྲོ་མང་པོ་འཛུགས་པ་ནི་བོད་རང་གི་ཆ་ལུགས་རེད། གནའ་སྲོལ་དཔའ་བོ་ལ་རྒོད་ཀྱི་སྒྲོ་དང་། སྡར་མ་ལ་ཁ་ཏའི་སྒྲོ་འདོགས་པའི་སྲོལ་ཡང་ཡོད། དབུས་ཀྱི་བླ་མ་རིག་འཛིན་རྒོད་འཕྲུ་ཅན་ཟེར་བའང་ཞྭ་ལས་བཏགས། དེས་ན་ཕྱིང་ཞྭ་གྱོན་པ་དང་། མགོ་ལ་བྱ་སྒྲོ་འཛུགས་པའང་བོད་ཀྱི་ལུགས་ཡིན་པ་བཤད་མ་དགོས། ༡ གོང་གི་ཚིག་ཕྲེང་འདིར་རྩོམ་པ་པོས་གཞན་ལུགས་གང་ཞིག་བཀག་ཡོད། ༢ གོང་གི་ཚིག་ཕྲེང་འདིར་གཞན་ལུགས་ཀྱིས་དྭགས་པོ་བོད་རིགས་མིན་པའི་སྒྲུབ་བྱེད་གང་བཀོད་འདུག ༣ རྩོམ་པ་པོས་གནད་དོན་གང་ཞིག་ཐག་གཅོད་བྱས་ཡོད། ༤ 《དེབ་ཐེར་དཀར་པོ་》ནི་བསྒྲུབ་བྱ་སྒྲུབ་པར་བཀོལ་བའི་ལུང་གི་སྒྲུབ་བྱེད་ཡིན་པས་དེས་ནུས་པ་གང་ཞིག་ཐོན་ཡོད། ༥ གོང་གི་ཚིག་ཕྲེང་འདིར་དགག་སྒྲུབ་རྩོམ་ཡིག་གི་སྒྲུབ་ཐབས་ཁག་ལྔ་ལས་གང་དང་གང་བེད་སྤྱད་ཡོད། ༦ ཕྱིང་ཞྭ་ནི་བོད་སྤྱིའི་ལུགས་ཡིན་ཏེ་ཞེས་པའི་“ནི་”དང་“ཏེ་”སྒྲ་གཉིས་ཀྱིས་དོན་གང་སྟོན། ལྔ་པ། རྩོམ་ཡིག་བྲི་རྒྱུ། འཇུ་མི་མི་ཕམ་གྱིས། ཤེས་རབ་རྒྱ་ཆེར་འཕེལ་བའི་སྒོ། ཐོས་པ་ཡིན་པ་དེ་ཡི་ཕྱིར། ། འབད་དེ་ཐོས་པ་མི་འཚོལ་བར། ། མནོག་ཆུང་བྱ་བས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་ང་ཚོས་ཤེས་བྱ་དོན་གཉེར་གྱི་ལམ་ལ་འཇུག་པའི་སློབ་མ་ཞིག་གི་ངོས་ནས་བརྗོད་ན་ཐོས་པ་གསོག་པ་དང་སྦྱངས་འབྲས་ཡར་རྒྱས་ཡོང་ཚུལ་བརྗོད་བྱར་བྱས་པའི་རྩོམ་ཡིག་ཅིག་བྲི་དང་། རེ་བར། ༡ བསྒྲུབ་བྱ་ཁ་གསལ་ལ་སྒྲུབ་བྱེད་ཁུངས་བཙུན་པ། ༢ དག་ནོར་ཉུང་ཞིང་ཁམས་དྭངས་བ། ༣ ཚིག་ཁྱིམ་༥༠༠ཡན་ལོན་པ་དགོས།